03

གཙང་གསུམ་ཆུ་དྭངས་སྲུང་། སྐྱེ་ཁམས་ཆབ་མདོ་འཛུགས། 2026年05月15日

ཆབ་མདོ་ནི་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།

སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་མཐའ་གཅིག་ཏུ་སྲུང་བ།

“སྐྱེ་ཁམས་དར་ཚེ་ཤེས་དཔལ་དར་བ་དང་། སྐྱེ་ཁམས་ཉམས་ཚེ་ཤེས་དཔལ་ཉམས་སྲིད།”སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་ལ། མི་ཀུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། གནས་འདིའི་སྣོད་བཅུད་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཆབ་མདོའི་ངོས་ནས་བཤད་ན་ཧ་ཅང་གལ་ཆེ་བ་དང་། འདི་ནི་མི་རབས་ནས་མི་རབས་བར་འགན་འཁུར་བ་ཙམ་མ་ཟད། མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་འགན་ལེན་བྱེད་པའི་རྩ་བ་དེ་བས་ཀྱང་ཡིན།

ཆབ་མདོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་བཞག་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་སྲུང་བ་དང་།

སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་ཀྱི་རིམ་པ་ཁག་ཏུ་བཞག་ཏེ། རྩེ་རིམ་ཇུས་འགོད་ནས་གཞི་རིམ་དོན་འཁྱོལ་དང་། ལས་བྱེད་སྣེ་ཁྲིད་ནས་མང་ཚོགས་ཞུགས་པའི་བར་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ཐོག་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྐུལ་འདེད་བརྟན་པོ་བཏང་ཡོད།

ལམ་ལུགས་དང་འགན་ལེན་མ་ལག་འཐུས་ཚང་དུ་བཏང་བ།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ལམ་ལུགས་ལ་བརྟེན་དགོས”ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱ་ཆེད། ཆབ་མདོས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལམ་ལུགས་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ལྗང་མདོག་སྲུང་སྐྱོབ་བྱེད་པར་སྒྲིག་ལམ་དང་། འགན་སྲུང་། སྟོབས་ཤུགས་བཅས་ཡོད་པ་བྱས་ཡོད།

སྔ་རྗེས་སུ་ཆུ་ཁུངས་སྲུང་སྐྱོབ་དང་ཆུ་ལམ་དོ་དམ་སོགས་ཀྱི་ས་གནས་ཀྱི་སྒྲིག་སྲོལ་ལམ་ལུགས་བཏོན་ནས་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཀྱི་མཐའ་ཚད་ནན་པོར་སྲུང་བས། བསྡོམས་རྩིས་བྱས་ན་སྣོད་བཅུད་ཉམས་ཆག་གུན་གསབ་གྱོད་དོན31ལེགས་སྒྲུབ་བྱས་པ་རེད། “དཔོན་བཞི་མཉམ་འགུལ”གྱི་དོ་དམ་སྲུང་སྐྱོབ་རྣམ་པ་གསར་གཏོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང138ལ་དྲ་མིག་ཅན་གྱི་ཁོར་ཡུག་དོ་དམ་ཡོངས་སུ་ཁྱབ་པ་དང་། ཁོར་ཡུག་སྲུང་སྐྱོབ་འབྲེལ་གཏུག་གཱ3800སྤྲད་དེ་གཞི་རིམ་གྱིས་རི་ཆུར་དོ་དམ་བྱེད་མཁན་ཡོད་པ་དང་དོ་དམ་ཐུབ་པ་བྱས་ཡོད།

གནམ་སྔོ་ཆུ་དྭངས་ས་གཙང་ཡོང་བར་སྲུང་སྐྱོབ་བྱས་པ།

“སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཡིན།”མི་སེར་ཕལ་བ་ཞིག་གི་ངོས་ནས་བཤད་ན། སྐྱེ་ཁམས་ལེགས་མིན་ནི་མིག་གིས་མཐོང་ཐུབ་པ་དང་ལག་པས་རེག་ཐུབ་པ་ཞིག་ཡིན། “དམངས་འཚོའི་བདེ་རྩ”འདི་ཉིད་སྲུང་སྐྱོབ་ཡག་པོ་བྱ་ཆེད་ཆབ་མདོས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་གྱི་སྲུང་སྐྱོབ་དམག་འཐབ་ཁག་ཡག་པོ་བརྒྱབ་ཡོད་པ་རེད། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་།“སྙིགས་མེད་གྲོང་ཁྱེར་གྱི་ཕྲ་ཕུང”46གཏོད་དེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་ཚད་སོ་སོ99.73%དང་། 99.42%ཟིན་ནས་གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

སྐྱེ་ཁམས་བརྒྱུད་རིམ་ལྡན་པར་བཅོས་སྐྱོང་སྐུལ་འདེད་བཏང་བ།

“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་སྐྱེ་ཁམས་ཀྱི་མ་ལག་ཤིག་ཡིན།”ས་མཐོའི་སྐྱེ་ཁམས་ནི་སྤྱི་ཁོག་ཤིག་ཡིན་པས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག བརྒྱུད་རིམ་ལྡན་པར་བཅོས་སྐྱོང་བྱས་ན་གཞི་ནས་སྐྱེ་ཁམས་དོ་མཉམ་ཡོང་ཐུབ། ཆབ་མདོས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྐྱེ་ཁམས་ཉམས་གསོ་ལས་དོན་སྤེལ་བས་གྲངས་ཀའི་ཐོག་ནས་སྐྱེ་ཁམས་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་སྐུལ་འདེད་བཏང་ནས་ཀྲུང་དབྱང་སྔོན་རྩིས་ཁོངས་ཀྱི་མ་འཇོག་སྒོར་དུང་ཕྱུར19.1དོན་འཁྱོལ་བྱས་ཏེ་གནོད་འགོག་གེགས་སེལ་དང་། རྒྱལ་ཁོངས་ལྗང་སྒྱུར། འདམ་ར་སྲུང་སྐྱོབ་སོགས་སྐྱེ་ཁམས་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་པ་དང་། དྲ་བསྐོར་བཀག་གསོ་སྨི་ཁྲི26དང་། རྩྭ་ཐང་ལེགས་བཅོས་མུའུ་ཁྲི20.6 བྱེ་འགོག་བྱེ་བཅོས་མུའུ1500ཡན་ལེགས་གྲུབ་བྱས་ནས་འཁྱགས་རོམ་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་།“རིག་གནས་ཡུལ་སྐོར+སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ”བཅས་མཉམ་འདྲེས་ཀྱི་ཁྲིམས་ར་ཞིག་གསར་གཏོད་བྱས་ཏེ་བཙུགས་ཡོད་པ་རེད།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་དྲིལ་བསྒྲགས་ཤུགས་ཆེན་བྱས་པ།

“དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབ་ཏེ་སྐྱེ་ཁམས་ཤེས་དཔལ་ལ་བརྩི་མཐོང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས”སྐྱེ་ཁམས་ནི་ཆབ་མདོའི་མངོན་གསལ་ཆེ་བའི་གཞི་མདོག་ཡིན་ལ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་དེ་ཡིན། ཆབ་མདོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་ལ་དམིགས་པ་དང་། རྒྱུན་མཐུད་ངང་རྣམ་པ་གསར་གཏོད་དང་གཡུལ་ས་རྒྱ་སྐྱེད། འགན་ལེན་འཐུས་ཚང་དུ་བཏང་ནས་བོད་ཤར་གྱི་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་ཡོད།

ལྗང་མདོག་འཕེལ་རྒྱས་ཀྱི་རྩ་བ་བརྟན་དུ་བཏང་བ།

“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད།”སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ཉིན་རེ་ཞག་རེ་ཙམ་གྱི་དོན་དག་ཤིག་མ་ཡིན་པར་ཡུན་རིང་རྒྱུན་འཁྱོངས་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་ཞིག་ཡིན། ལོ་འདི་འགའི་རིང་། ཆབ་མདོས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་མ་འཇོག་ཆེ་རུ་བཏང་བས་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཕྱིན་ཡོད།