02

དབྱེན་འདུམ་གྲོང་རྡལ་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་རིགས་གཞུང་སྒྲོག་འགྲེལ་འགྲན་སྡུར་སྐབས་གཉིས་པ་གཉེར་བ། 2026年05月15日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྐབས་གཉིས་པ་ལས་རིགས་གཞུང་སྒྲོག་འགྲེལ་འགྲན་སྡུར་གཉེར་བ་རེད། ཐེངས་འདིའི་འགྲན་སྡུར་ནང་དབྱེན་འདུམ་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)དང་དབྱེན་འདུམ་དགོན་གྱི་ཡུག་ཁུལ་ནས་ཡོང་བའི་འགྲན་ཞུགས་པ18ཀྱིས་གར་སྟེགས་གཅིག་གི་ཐོག་ཏུ་རྩལ་འགྲན་ནས་ཡུལ་དངོས་སུ་མང་ཚོགས200ལྷག་གིས་སྒྲོག་འགྲེལ་ལ་ཉན་ཡོད་པ་རེད།

འགྲན་སྡུར་མ་བྱས་གོང་། དབྱེན་འདུམ་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས་འགྲན་ཞུགས་བདམས་ཐོན་པ་དང་ལས་བྱེད་མང་ཚོགས་ཡོངས་ལ་རྣམ་པ་གསར་རྐྱང་གི“རིགས་གཞུང་གི་སློབ་ཚན་ཆུང་ངུ”ཞིག་ཁྲིད་ཡོད། གོ་བདེ་ཞིང་ཉན་སླ་བའི་སྐད་ཆས་སྒྲོག་འགྲེལ་བྱས་པས་འགྲན་ཞུགས་མང་ཚོགས་དང་ལས་དོན་པར“འགྲན་སྡུར་གོང་རིགས་གཞུང་སློབ་སྦྱོང་དང་འགྲན་སྡུར་ཁྲོད་བསམ་བློ་སྦྱོང་བརྡར”ཐུབ་ཡོད་པ་རེད།

འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་བདམས་ཐོན་པ18ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། “འདུ་ཤེས་གསུམ”གྱི་སློབ་གསོ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》བཅས་ཀྱི་ནང་དོན་ལ་དམ་པོར་དམིགས་པ་དང་། རང་ཉིད་ཀྱི་ལས་དོན་དང་འཚོ་བའི་དོན་དངོས་དང་ཉེ་འགྲམ་གྱི་གསོན་ཉམས་ལྡན་པའི་དཔེ་དོན་ཟུང་འབྲེལ་བྱས་ཏེ། གོ་བདེ་ཞིང་ཉན་སྤྲོ་བའི་སྐད་ཆ་དང་། བརྩེ་དུང་ཟབ་ལ་སྤྲོ་སྣང་འཕེལ་བའི་ཐོག་ནས་རིགས་གཞུང་གི་ཟབ་ཚད་ཡོད་ཅིང་ལག་ལེན་གྱི་འཇུག་ཚད་ལྡན་པའི་སྒྲོག་འགྲེལ་གྱ་ནོམ་པ་ཞིག་བྱས་ཡོད་པ་རེད།

འགྲན་སྡུར་རིང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་འཕྲལ་སྡོམ་དོ་དམ་ཅུས། ཆུ་བེད་ཅུས། ནགས་ལས་དང་རྩྭ་ཐང་ཅུས། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དེ་བཞིན་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་ཚན་པ་མཉམ་འབྲེལ་ཐོག་སྲིད་ཇུས་སྒྲོག་འགྲེལ་དང་། བདེ་ཐང་སྨན་བཅོས་བྱེད་སྒོ་སྤེལ་བ་མ་ཟད་དྲིལ་བསྒྲགས་དངོས་པོ་སྤྲད་དེ་འགྲན་སྡུར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ཀྱིས་སྒྲོག་འགྲེལ་ཉན་བཅུག་པ་དང་ཆབས་ཅིག་ཏུ་འཚོ་བ་དང་འབྲེལ་བའི་སྲིད་ཇུས་དང་བདེ་ཐང་ཤེས་བྱ་ཤེས་རྟོགས་ཐུབ་པ་བྱུང་ཡོད།