02

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 2026年05月15日

པར②ནི་མེ་ཟོན་མི་སྣས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་རོགས་སྐྱོབ་སྒྲིག་ཆས་འགྲེམས་སྟོན་བྱེད་བཞིན་པ།

པར①ནི་མེ་ཟོན་དྲིལ་བསྒྲགས་མི་སྣས་མང་ཚོགས་ལ་རྒྱུན་ལྡན་གྱི་མེ་འགོག་དང་། མེ་སྤྱོད། བྲོས་བྱོལ་རང་སྐྱོབ་སོགས་ཀྱི་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད་བདེ་འཇགས་དྲིལ་བསྒྲགས་ལག་དེབ་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 5པའི་ཚེས12ཉིན་ནི། རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས18པ་ཡིན་ཞིང་། ཟླ5པའི་ཚེས12ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ཐེན་ཅིན་ཐང་ཆེན་དུ་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་ཤེས་རྟོགས་བྱེད་པ་སྟེ། གནོད་འགོག་གནོད་སེལ་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས”ཞེས་པ་དེ་ཡིན།

ཉིན་དེར། ཆབ་མདོ་གྲོང་ཁྱེར་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་སྡེ་ཁག་མང་པོ་དང་མཉམ་དུ་རྫ་ཆུའི་ཐེན་ཅིན་ཐང་ཆེན་དུ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྒྲིག་ཆས་འགྲེམས་སྟོན་དང་། ཡུལ་དངོས་སུ་འགྲེལ་བཤད། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པ་བརྒྱུད་ནས་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་བཏང་བ་རེད། བྱེད་སྒོ་སྤེལ་བའི་ཡུལ་དངོས་ཀྱི་བློ་འདྲི་སྟེགས་བུའི་མདུན་དུ་མི་ཚོགས་ཆེ་ཞིང་། མེ་གསོད་རོགས་སྐྱོབ་སྒྲིག་ཆས་འགྲེམས་སྟོན་ཁུལ་དུ་མང་ཚོགས་མང་པོ་འདུས་ཡོད་པ་དང་། བཀོད་འཐབ་པས་དམར་ཕྱིའི་གསོན་པོ་འཚོལ་ཆས་དང་ཡོམ་འཕྲོའི་ཞིབ་དཔྱད་ཚད་ལེན་ཡོ་བྱད་སོགས་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱས་ཏེ། ས་ཡོམ་གྱི་ཉེན་གཡོལ་ཐབས་རྩལ་འགྲེལ་བཤད་བརྒྱབ་པ་རེད། གྲོང་མི་མི་ཉུང་བ་ཞིག་གིས་སྒྲིག་ཆས་དེ་དག་ཡ་མཚན་ཆེ་ལ་སྤྱོད་གོ་ཆོད་པོ་འདུག་པས་ཉེ་འགྲམ་གྱི་མིར་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།