02

གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ། 2026年05月15日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས13ཉིན། གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ལྗོངས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཨུད་ཧྲུའུ་ཅི་ཝང་ཧྲན་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཤེ་ཝུན་ཀོང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་དབུ་བརྙེས་པ་དང་ཐོ་འགོད་མོས་མཐུན་བྱ་རྒྱུའི་སྐོར་གྱི་ཆོག་མཆན》སྒྲོག་སྦྱངས་བྱས་པ་དང་། གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་འཐུས་མི་ཁག་གིས་ཤིས་ཚིག་ཕུལ་བ། ཁྲིམས་རྩོད་པའི་མཐུན་ཚོགས་ཁག་གི་རྟེན་འབྲེལ་ཡི་གེ་སྒྲོག་སྦྱངས་བྱས་པ་རེད།

ཝང་ཧྲན་གྱིས་ཆབ་མདོའི་ནུས་རྒྱུ་གཙང་མ་དང་ཞིང་འབྲོག་རིག་གནས་ཡུལ་སྐོར་ལ་གཞི་ཚུགས་ཏེ་རྣམ་གྲངས་གལ་ཆེན་སྲུང་སྐྱོབ་དང་། ཁྱད་ལྡན་ཐོན་ལས་རོགས་སྤེལ། ཁོར་ཡུག་སྤྱི་ཕན་གཏུག་བཤེར་ནང་ཞུགས་པ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅས་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་བརྟན་ལྷིང་ལ་སྲུང་སྐྱོབ་དང་། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཏེ། སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ནུས་ཤུགས་འདོན་དགོས། མཐུན་ཚོགས་ཀྱི་རང་གཅུན་ཆེ་རུ་གཏོང་དགོས་ཤིང་། ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོ་བཞག་ནས་ཁྲིམས་རྩོད་པའི་ཁྱིམ་འཛུགས་པ་དང་ཉམས་སད་ཐེག་ཐུབ་པའི་ཧྲག་དམག་ཤིག་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།