འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས13ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་དུ་གསོག་ཚད་རྒྱུ་ནོར་གསོན་སྒྱུར་དང་། གྲོང་ཁྱེར་གྱི་ནུས་པ་ལེགས་གཏོང་། དམིགས་བསལ་མི་སྣ་དོ་དམ་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ས་གནས་ས་ཐོག་ཏུ་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱས་ཡོད་པ་རེད།
ལའོ་ཆིན་འུའུ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་ལྟེ་གནས་དང་། ཁ་རུབ་ཆུས་འགུ་རོ་གྲོང་རྡལ་འཕྲོད་བསྟེན་ཁང་། ཆབ་མདོ་གྲོང་ཁྱེར་དམིགས་བསལ་མི་སྣའི་ལས་ཞུགས་གསབ་སྦྱོང་ལྟེ་གནས་བཅས་ཕེབས་ཏེ་ས་གནས་ས་ཐོག་གི་ལྟ་ཞིབ་དང་། སྤེལ་རེས་འདྲི་རྟོག་སོགས་ཀྱི་ལམ་ནས་གསོག་ཚད་རྒྱུ་ནོར་གསོན་སྒྱུར་དང་། གྲོང་ཁྱེར་གྱི་ནུས་པ་ལེགས་གཏོང་། དམིགས་བསལ་མི་སྣ་དོ་དམ་དང་ཚོད་འཛིན་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཁ་རུབ་ཆུས་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་ཚན་པ་ཁག་གིས་རང་འགུལ་ཐོག་འགན་འཁྲི་ལྷུར་ལེན་པ་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། རྒྱུ་ནོར་དཔྱད་དཔོག་དང་དབང་འགན་ཁག་བགོས། ལེགས་སྒྲིག་ཆེར་གཏོང་སོགས་ཐད་ཀྱི་རྒྱུ་ནོར་གསོན་སྒྱུར་གསོག་ཚད་དང་། ངལ་གསོ་ར་བ་ནས། བོད་སྨན་ཁམས་གསོ་དང་དབང་སྐྱོན་མི་སྣའི་ལས་གཏོད་ལས་ཞུགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུ་བསྐྲུན་རྒྱུར་ཤུགས་རྒྱག་པའི་བར། སེམས་ནུས་ཡོད་རྒུ་བཏོན་ནས་ས་གནས་ཀྱི་མི་སེར་དང་ཡུལ་སྐོར་བར་ཞབས་ཞུ་ཡག་པོ་སྒྲུབ་དགོས། འབྱུང་རྩ་བཅོས་སྐྱོང་དང་ལོག་ཡོང་གནས་སྡོད། དཀའ་ངལ་ཆེ་བའི་མ་མཐའི་བདག་རྐྱེན་བཅས་ཆེ་རུ་བཏང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་རིགས་སྤྲང་པོའི་རྒྱུན་རྣམ་ཅན་གྱི་དོ་དམ་དང་ཚོད་འཛིན། གསབ་སྦྱོང་ཁྲིད་སྟོན་བྱེད་པར་དམ་འཛིན་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གི་བདེ་འཇགས་འགོག་ར་བརྟན་པོར་བཙུགས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དངོས་ཡོད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།