འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་གསན་པ་དང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད།
ཚོགས་འདུ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ། “གནས་ཐིག་ཁྱོན་གསུམ”གྱི་བརྟག་ཐབས་སྨྲ་བ་སྤྱད་དེ་ཐོན་ཁུངས་ཀྱི་དགེ་མཚན་དང་ས་ཁོངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་རྒྱལ་སྟོབས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་དུས་ཚིགས་གཉིས་པ་ནི་ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་ཕྱོགས་སུ་བསྐྱོད་པའི་གཏན་འཁེལ་གྱི་དུས་རིམ་ཞིག་ཡིན་པས། ངེས་པར་དུ་ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་སྲུང་འཛིན། བབ་བསྟུན་ཡར་རྒྱས་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས་ཤིང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་འགོག་སེལ་བྱེད་པ་དང་། ཁྲིམས་ལྟར་ལས་དོན་བཀག་འགོག་དང་ཚོང་རར་མགོ་སྐོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། “རྣམ་གྲངས་གཙོ་བོ་འཛིན་རྒྱུ”མཐའ་འཁྱོངས་བྱེད་དགོས་ཤིང་།“3+1+1”གི་ལས་དོན་ཁག་ལྔ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་སུ་གཏོང་བ། ཐོགས་ས་དང་འགག་ས་སེལ་བ་བཅས་བྱས་ཏེ། རྣམ་གྲངས་སྔ་མོ་ནས་མགོ་རྩོམ་པ་དང་སྔ་མོ་ནས་ཐོན་སྐྱེད་བྱེད་པར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་དགོས།
དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཐབས་ཇུས་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། འཕྲལ་དོན་འཕྲལ་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ།“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་རྨང་གཞི་བརྟན་པོ་འཇོག་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུ་ཞུགས་ཡོད།