འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས5ཉིན། སྟེང་ཆེན་རྫོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་། རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་སྒོ་ནས་རྫོང་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བར་ཁ་ཕྱོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།
ཐེངས་འདིའི་སྒྲོག་འགྲེལ་གྱིས“ཚད་གཞི་ཅན་དང་། གོ་བདེ་དམངས་མཐུན། ཕན་འབྲས་གཙོ་བཟུང”བཅས་ཀྱི་ལྟེ་བའི་ཁྲིད་སྟོན་ལ་དམ་པོར་དམིགས་པ་དང་། སྒྲོག་འགྲེལ་པས་སྟེང་ཆེན་གྱི་འཕེལ་རྒྱས་དོན་དངོས་དང་ཚན་པའི་འགན་ནུས་ལ་གཞིགས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འབྲེལ་མཐུད་ཀྱི་ཟམ་པ་བཙུགས་ནས་ཕྱོགས་ཡོངས་དང་ཟུར་མི་འདྲ་བ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་བྱས་ཡོད།