འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་བཅས་བྱས་ཏེ། རང་རེའི་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་བྱས་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི་དགོངས་པ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། སྒྱུར་འཕེལ་བརྟན་གསུམ་ལ་སྤྱི་འདོམས་བྱས་ཡོད་པས་དེ་ནི་ང་ཚོའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྤྱིའི་རྩ་འཛིན་དང་སྤྱིའི་མཛུབ་ཁྲིད་ཞིག་རེད། རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུན་མཐུད་ངང་སློབ་སྦྱོང་བྱེད་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཅེས་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ཆུས་ཀྱི་ཟ་ཁང་ཞིག་ལ་ཐོན་པའི་མེ་སྐྱོན་དང་། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤིས་གྲོང་ཁྱེར་གྱི་སྤྲོ་གསེང་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་བཅས་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲོང་ཅིན་སུང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་གལ་ཆུང་མིན་པའི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་དམིགས་པ་དང་། བགྲོད་ལམ་འགྲིམ་འགྲུལ་དང་། ནགས་ཚལ་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་སུ་ཉེན་ཁའི་མངོན་མེད་རྐྱེན་ངན་ཚབས་ཆེན་གྲལ་བཤེར་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས་ཅེས་བསྟན།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཡོངས་ཀྱི2024ལོའི་ཕྱོགས་བསྡུས་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་བྱས་ཡོད། ཀྲོང་ཅིན་སུང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་དཔོག་གི“འགན་ལེན་གསུམ་དང་བརྩོན་ལེན་གཅིག”གི་དམིགས་ཚད་དམ་པོར་དམིགས་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འགན་འཁྲི་འཁུར་ཕོད་དང་དངོས་སྒྲུབ་ཀྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཕྱོགས་གཅིག་ལ་གཟི་བརྗིད་བསྣན་དགོས་ལ། ཕྱོགས་ཡོངས་ལའང་གཟི་བརྗིད་བསྣན་དགོས་རྒྱུའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་རང་རེའི་གྲོང་ཁྱེར་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་སློབ་བཤེར་བཅོས་གསུམ་གྱིས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཐད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་བརྟག་དཔྱད་གཏིང་ཟབ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)