02

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་རིམ་སྤེལ་བྱེད་སྒོ་ཐེངས་སོ་ལྔ་པ་སྤེལ་བ། 2025年05月20日

འདི་ནི་ལས་དོན་མི་སྣས་གྲོང་མིའི་མིག་ལ་བརྟག་དཔྱད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས་ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་རིམ་སྤེལ་བྱེད་སྒོ་ཐེངས་སོ་ལྔ་པ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་སྣེ་ཁྲིད་དེ་དྲིལ་བསྒྲགས་བློ་འདྲིའི་ས་ཚིགས་བཙུགས་ནས་གྲོང་མིར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་དང་། བདེ་ཐང་སླར་གསོའི་རོགས་སྐྱོབ། དབང་པོ་སྐྱོན་ཅན་ལ་ཕན་པ་དང་རམ་འདེགས་སོགས་ཀྱི་སྲིད་ཇུས་ཁྱབ་གདལ་བཏང་བ་དང་། ས་གནས་ས་ཐོག་ཏུ་དབང་པོ་སྐྱོན་ཅན་ལག་ཁྱེར་གཉེར་སྟངས་སྐོར་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་སྲིད་ཇུས་སོགས་ལ་འགྲེལ་བཤད་བརྒྱབ་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་1500ལྷག་ཙམ་དང་། རིག་གནས་གསར་གཏོད་ཐོན་རྫས་ཁག་500ལྷག་ཙམ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་སྣ་ཚོགས་44བཅས་སྒོར་ཁྲི་13900ཟིན་པའི་དངོས་ཟོག་སྤྲད་དེ་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་བྱས་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་རུབ་ཆུས་ཀྱི་ཚབས་ཆེའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མང་ཚོགས་ལ་ལྟ་བ་དང་འཚམས་འདྲི་བྱས་པ་མ་ཟད། དམིགས་བསལ་སློབ་གསོའི་སློབ་གྲྭའི་དབང་པོ་སྐྱོན་ཅན་གྱི་སློབ་མ་40དང་ཚབས་ཆེའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་10ལ་སྒོར་ཁྲི་5རི་བའི་འཚམས་འདྲིའི་དངུལ་དང་དངོས་ཟོག་སྤྲད་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)