01

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ། 2025年05月20日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་ལས་དོན་སྙན་སེང་ལ་གསན་པ། 2025ལོའི་ལས་ཀའི་ལེགས་ཆར་གྲོས་ཞིབ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད།

ལའོ་ཆིན་འུའུ་དང་། ཝེ་ཤིན་ཀུའེ། རྡོ་རྗེ་དགྲ་འདུལ། ཀྲའོ་པིང་། ཝུའུ་དབྱིང་ཧའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཤེ་ཝུན་ཀོང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་ན་ནིང་གི་ཚུན་དུ་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར། གཙོ་གནད་ཆེ་སར་འཇོག་པ་དང་དཀའ་གནད་འགག་སྒྲོལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ལེན་པ་དང་རྣམ་པ་གསར་པ་མངོན་པར་སྐུལ་སྤེལ་གཏོང་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་འགུལ་ཐོག“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱེད་དགོས། གཙོ་གནད་ཀྱི་སྒྱུར་བཅོས་ཆེ་སར་འཇོག་དགོས་ཤིང་། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་ས་དང་བཀག་ས། དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་དང་གནད་ས་བཅས་ལ་ཚོད་འཛིན་བཟོ་བར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་སེམས། བདེ་སྣང་བཅས་ཆེ་རུ་གཏོང་དགོས། སྒྱུར་བཅོས་ཀྱི་འགན་འཁྲི་ནན་དཀྲིས་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅི་ཡིས་སྒྱུར་བཅོས་ཀྱི་འགན་འཁྲི་ཨང་དང་པོའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་ཕྲག་ཏུ་འཁུར་བ་དང་། སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་ཆུང་ཁག་དང་ཁོངས་མིའི་ཚན་པས་འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་དགོས་ལ་ཐུན་མོང་མཉམ་སྒྲུབ་བྱེད་པ། གྲོང་ཨུད་སྒྱུར་བཅོས་གཞུང་དོན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉམས་མྱོང་བྱེད་སྟངས་ཀྱི་ཕྱོགས་བསྡོམས་སྦྱོང་བརྡར་ལ་བརྩི་མཐོང་བྱེད་པ་དང་། དཔེ་མཚོན་གྱོད་དཔེའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྱུར་བཅོས་ཀྱི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར་ཕན་འབྲས་དངོས་ཐོན་པར་རོགས་སྤེལ་བྱེད་དགོས་ཅེས་བླང་བྱ་བཏོན་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)