国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年12月30日

སྟེང་ཆེན་རྫོང་གིས་2026ལོའི་སྤྱི་ལོའི་ལོ་གསར་བསུ་བའི་ རིག་རྩལ་འཁྲབ་སྟོན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི་སྤྱི་ལོའི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་སྟེང་ཆེན་རྫོང་གི“ཁྱུང་པོའི་བུ་ཕྲུག་གིས་སྐལ་བཟང་དུས་ལ་བསྟོད་གླུ་འབུལ། སྟེང་ཆེན་རྒྱང་ལམ་གསར་པར་འབད་པས་མདུན་དུ་སྐྱོད”ཅེས་པའི་སྤྱི་ལོའི་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་རལ་པ་ཐང་ཆེན་དུ་འཁྲབ་སྟོན་བྱས་པ་རེད།

འཁྲབ་སྟོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས།ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་འཕར་རྩ་མཉམ་འདྲེས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྲོལ་རྒྱུན་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། ཞབས་བྲོ《རལ་པའི་ཕ་ས》ཞེས་པ་འཁྲབ་འགོ་ཚུགས་པས་ས་གནས་ས་ཐོག་གི་རྣམ་པ་ཟབ་ཏུ་ཕྱིན་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར《གྱང་རྡུང་ཞབས་བྲོ》དང《ཁྱུང་པོའི་རལ་པ》ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མངོན་པ་དང་། གླུ་གཞས《མདུན་སྐྱོད》ཀྱིས་མི་རིགས་ཁག་གི་སོ་སྲུང་རོགས་རེས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ། 《པི་ཝང》དང《སྒོར་གཞས》སོགས་ཞབས་བྲོ་རེས་མོས་ངང་འཁྲབ་སྟོན་བྱས་ནས་སྟེང་ཆེན་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ད་ཐེངས་ཀྱི་འཁྲབ་སྟོན་ནི་སྟེང་ཆེན་རྫོང་གི་རིག་གནས་དམངས་ཕན་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན་ལ་རྫོང་ཁོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།