འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས26ཉིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཧུང་ཅོན་དང་། འཕྲིན་ལས། སྟོབས་རྒྱལ། ཀྲང་ཝན་ལི། ཚེ་རིང་ནོར་བུ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་སོགས་གལ་ཆེའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཡོད་ལ།ཚོགས་འདུའི་ཐོག་ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་།སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་ནས་བརྟག་ཞིབ་དང་གཟིགས་ཞིབ་གཏིང་ཟབ་བྱེད་པ།ཐབས་ཇུས་གནད་འཕིགས་འདོན་པ།ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ།འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བཅས་བྱས་ཏེ། བསམ་བློ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་ནས། སྲིད་གྲོས་ཀྱི་བྱ་གཞག་ཁག་སླར་ཡང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

