国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年12月30日

ཆབ་མདོ་གྲོང་ཁྱེར་གྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧོང་ཀོ་ཅན་གྱིས་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་སྙན་སེང་ཞུས་པ་རེད། ལའོ་ཆིན་འུའུ་ཡིས་གསུང་བཤད་ནང་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་དོན་སྙིང་ཆེ་ཞིང་། དེ་ནི་ “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན། རྣམ་གྲངས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་དང་གཞི་རིམ་གྱི་སྨན་བཅོས་འགན་སྲུང་སྲ་བརྟན་དུ་གཏོང་བར་འབྲེལ་ཡོད་པ་མ་ཟད། མི་འབོར་དང་། མི་སེམས། ཤེས་ལྡན་པའི་གནད་དོན་བཅས་ཐག་གཅོད་པའི་འགག་རྩའི་དམ་འཛིན་བྱ་གཞི་དང་དེ་བས་འབྲེལ་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལས་དོན་འགག་རྩའི་དུས་སྐབས་སུ་གནས་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་སྒྱུར་བཅས་བྱེད་དགོས། ཆབ་མདོའི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ཆབ་མདོའི་ཁྱད་ཆོས་ལྡན་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱེད་དགོས་ཅེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་མཉམ་འགུལ་དང་མཐུན་སྦྱོར་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། རིམ་པ་རིམ་པར་འགན་འཁྲི་ནན་དཀྲི། དུས་བཀག་གི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཏེ། བློ་རྩ་བརྟན་པོའི་ཆོད་སེམས་ལ་བརྟེན་ནས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་སྤེལ་བཏང་ནས་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་རྫོང་གིས་སྤེལ་རེས་གཏམ་བཤད་བྱས་ཡོད།