国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年12月30日

སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས141པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས23ཉིན། སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས141པ་འཚོགས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་”མཐའ་འཁྱོངས་བྱེད་པ།“གནས་རྒྱུད་ཁྱོན་གསུམ་”གྱི་བྱེད་ཐབས་སྨྲ་བ་བེད་སྤྱོད་ཡག་པོ་བྱེད་པ། སང་ཕོད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི“མཐའ་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱེད་དགོས་ལ། རྣམ་གྲངས་འཛུགས་སྐྲུན་དང་། འཛད་སྤྱོད་ལ་སྐུལ་འདེད། ཐོན་ལས་འཕེལ་རྒྱས། སྒྱུར་བཅོས་སྒོ་དབྱེ། གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སང་ཕོད་ལོའི་དཔལ་འབྱོར་ལས་དོན་བསྒྲུབས་ཏེ་དཔལ་འབྱོར་མངོན་འགྱུར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་《“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་གསར་གཏོད་དང་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི》ཐོག་གནང་བའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན། ལག་ལེན་རང་བཞིན། འཐབ་རྩོད་རང་བཞིན། རྩ་འཛུགས་རང་བཞིན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་ཁྲིད་སྟོན་དུ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་གང་དྲག་རྩོམ་དགོས་པའི་ནན་གསུང་གནང་བ།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།