国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月24日

འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་བསྙེགས་ནས་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས།

ལས་སྒྲུབ་ལས་གཏོད་བྱེད་སྐབས་གཟུངས་མདངས་ཉམས་གསུམ་ནི་འགག་རྩ་དང་།འབད་འཐབ་ཀྱི་ཉམས་འགྱུར་ནི་གཏིང་ཤུགས་རེད།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པ་དང་གྲ་སྒྲིག་ཨང་བསར་གྱིས་རྣམ་པ་གསར་པ་གཏོད་དགོས་པ་ལས་སྐྱིད་ཉལ་བརྒྱབ་ནས་ཁ་གཏད་གཅོག་པ་རྩ་བ་ནས་བྱེད་མི་རུང་བའི་ནན་བཤད་གནང་ཞིང་།བབ་ཆགས་ནུས་ལྡན་དང་གོ་བདེ་ཤེས་སླའི་བླང་བྱ་འདི་ནི་ལྗོངས་ཡོངས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བར་ཞིབ་གཟིགས་གནད་སྨིན་གནང་བ་ཞིག་ཡིན་ལ། དུས་རབས་གསར་པའི་བོད་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་ལས་སྒྲུབ་ལས་གཏོད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་དེ་བས་ཀྱང་ཡིན་པས།ང་ཚོས་ས་མཐོར་གཞི་ཚུགས་པ་དང་།འགན་འཁྲི་འཁུར་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

“འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པ”ནི་སྔར་གནས་སུ་འཕེལ་མེད་སོར་གནས་ཀྱིས་ཡིད་ཚིམས་ནས་སྡོད་པ་ཞིག་མིན་པ་དང་།མཐའ་ཚད་ཁོ་ན་བསྲུངས་ནས་སྡོད་པ་ཞིག་མིན་པ།དཀའ་ངལ་ལ་སྐྲག་ནས་སྡོད་པ་ཞིག་མིན་པ་བཅས་རེད།འཚོ་བའི་ཁྲོད་དུ་ལག་པ་བརྐྱངས་ནས་བསྙབས་པའི་ཤིང་འབྲས་ནི་འཐུ་སླ་མོད།འོན་ཀྱང་དེར་ཚད་བརྒལ་གསར་པ་ཡོང་དཀའ་བ་དང་། ལས་ཀའི་ཁྲོད་རྒྱུན་སྲོལ་ལྟར་ལས་ཀ་བྱེད་པ་དང་བབ་བརླིང་བརྟན་གསུམ་ཡིན་ན་སེམས་ཁྲལ་ཆུང་མོད། འོན་ཀྱང་གོ་སྐབས་བཟང་པོ་ཤོར་ཞིང་འཕེལ་མེད་རང་སོར་གནས་སླ།“འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པར”དོར་དགོས་པ་ནི“ཧ་ལམ་འདྲ་བ་དང་། ཁུངས་འཁྱོལ་ཙམ། རྗེས་སུ་མི་ལུས་པ”བཅས་ཀྱི་བསམ་པའི་འཁྱེར་སོ་ཡིན་པ་དང་། དར་སྤེལ་གཏོང་བ་ནི་སྔོན་ཐོན་ལ་དཔེ་བསྡུར་དང་།ཕུལ་བྱུང་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་ཀྱི་ཉམས་འགྱུར་དང་།ཞན་ཆར་མི་གཡོལ་བ་དང་།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ།དཀའ་གནད་ལས་སྒྲོལ་བ་བཅས་ཀྱི་དངོས་སྒྲུབ་དང་ཁུར་ལེན་ཞིག་རེད།

བོད་དུ་ཆ་རྐྱེན་དམིགས་བསལ་དང་། འགན་འཁྲི་དམིགས་བསལ། ལས་འགན་དམིགས་བསལ་བཅས་ཡོད་པས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལས་སླ་པོ་དང་ཐེངས་གཅིག་ལ་གྲུབ་པའི་མྱུར་ལམ་ཞིག་སྔར་ནས་མེད།དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་བྱེད་པ་མི་རབས་ནས་མི་རབས་མང་པོས་དཀའ་སྤྱད་འབད་འཐབ་དང་ལས་གནས་བརྟན་སྲུང་གིས་ལེགས་སྐྱེས་ཕུལ་ནས་བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་རྗེས།དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ང་ཚོས་ལས་མཚམས་འཇོག་པ་དང་ལྷོད་གཡེང་གི་བསམ་བློ་གཏན་ནས་འཆང་མི་རུང་ལ།སྐྱིད་ཉལ་བརྒྱབ་ནས་རྣམ་གཡེང་དང་ཁྲལ་སེལ་སླ་བཅོས་བྱེད་པའི་སྤྱོད་ཚུལ་དེ་བས་ཀྱང་མི་འཇགས་པར་བྱས་ནས།ངེས་པར་དུ“འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པའི”ངར་ཤུགས་ལ་བརྟེན་ནས། རྒྱུན་འཇགས་ཀྱི་བསམ་བློ་གཏོང་སྟངས་དོར་བ་དང་ལས་ཀའི་བཀག་རྒྱ་གཏོར་དགོས།

འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པར་དང་ཐོག་དམིགས་ཚད་མཐོ་རུ་གཏོང་དགོས།ལས་ཀའི་ཚད་གཞིས་ལས་ཀའི་ཕན་འབྲས་གཏན་འཁེལ་དང་།མིག་རྒྱང་དང་བློ་རྒྱ་ཡིས་འཕེལ་རྒྱས་ཀྱི་གནས་སྟངས་གཏན་འཁེལ་བྱེད་ཀྱི་ཡོད། ལས་གནས་སུ་གཞི་ཚུགས་པར་སྔོན་ཆད་དང་ཞན་ཆ་ཁོ་ནར་བསྡུར་ནས་སྡོད་རྒྱུ་མེད་པར་སྔོན་ཐོན་དང་བསྡུར་བ་དང་།ཡག་ཤོས་དང་བསྡུར་བ། ལས་འགན་གྱི་བླང་བྱ་དང་བསྡུར་བ་བཅས་བྱེད་དགོས།“ཡར་རྒྱས་ཕྲན་བུ་བྱུང་ན་འདོད་བློ་ཁེངས་པ་དང་། ཕྱུག་པོ་ཏོག་ཙམ་ཆགས་ན་ཆོག་ཤེས་བྱེད་པའི”བག་འཁུམ་གྱི་བསམ་བློ་མཐའ་གཅིག་ཏུ་དོར་བ་དང་རང་འགུལ་ངང་སྐྱིད་འདོད་ཀྱི་བསམ་པ་དོར་ནས་ཧེ་བག་འཚོལ་བ་དང་།ཞན་ཆ་སེལ་བ།སྤུས་འབྲས་ལེགས་གཉེར་བཅས་བྱས་ཏེ།རྒྱུན་གཏན་གྱི་ལས་དོན་ཚང་མར་བཀྲག་མདངས་འཚེར་ས་ཐོན་པ་དང་། གཙོ་གནད་ལས་དོན་ཚང་མ་རྩེ་གྲར་གྱུར་པ།དཀའ་གནད་ལས་དོན་ཚང་མ་ཚད་བརྒལ་སར་འགྱུར་བ་བཅས་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དེ་ཉིད་རྒྱུན་གཏན་གྱི་རྣམ་པར་འགྱུར་བར་བྱེད་དགོས།

འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པར་གཙོ་བོ་དངོས་སྒྲུབ་འགན་འཁུར་དང་།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས།དམིགས་ཚད་དེ་བས་མཐོ་བར་སྙེག་པ་ནི་འབོད་ཚིག་སྟོང་པ་ཙམ་དང་རྨོངས་ཚོད་ཀྱིས་ཧོལ་རྒྱུག་བྱེད་པ་ཞིག་མིན་པར་དོན་དངོས་ལ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་བྱེད་པ་ཞིག་ཡིན། འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་འགག་གནད་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་གནད།སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གྱི་མདུན་དུ་དཀའ་ངལ་ལ་སྐྲག་པ་དང་རང་འགན་གཞན་དཀྲིའི་བསམ་པ་དོར་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་རང་འགུལ་ངང་འགག་སྒྲོལ་དཀའ་སེལ་བྱེད་དགོས། དེས་ན། གཞི་རིམ་གྱི་འཐབ་ས་དང་པོ་དང་།འབྲོག་ཁུལ་དང་གྲོང་གསེབ།མཐའ་མཚམས་ཀྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་ནས་གནས་ཚུལ་དངོས་མཐིལ་རྟོགས་དང་དཀའ་གནད་བསལ་ཏེ། བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་བརྒྱབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ་དང་མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སློག་དགོས།

འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པའི་གནད་འགག་ནི་རྒྱུན་དུ་འབད་འབུངས་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ལས་སྒྲུབ་ལས་གཏོད་ཀྱི་འགག་རྩ་ནི་མཐའ་འཁྱོངས་དང་བརྟན་སྲུང་བྱེད་པར་ཐུག་ཡོད།དེས་ན།ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་གྲ་སྒྲིག་ཨང་བསར་གྱི་རྣམ་པ་རྒྱུན་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་ནན་པོ་དང་།ལྷོད་གཡེང་སྒྱིད་ལུག་དང་གཞན་དབང་གིས་ཁ་གཏད་གཅོག་པ་གཏན་འགོག་བྱས་ནས། དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་རང་འགན་གཞན་ལ་མི་དཀྲི་བའི་འགན་འཁྲིའི་བསམ་པའི་ཐོག་ནས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབས་ནས་ལས་དོན་ཁག་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས།

དུས་རབས་གསར་པས་འགན་འཁྲི་གསར་པ་དཀྲིས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་བྱས་རྗེས་གསར་པ་འཇོག་པར་འབོད་སྐུལ་བྱེད་ཀྱི་ཡོད། དེར་བརྟེན།ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་པའི”ངར་ཤུགས་དེ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་འཁྱོལ་བར་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་དང་། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ། དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་གིས་རྣམ་པ་གསར་པ་ཐོན་པར་བྱེད་དགོས།