国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月24日

“རོགས་སྐྱོར་སྣ་གཅིག”ནས“སྒྲིག་གཞི་མཉམ་ཕན”བར།

2025ལོར་ཆབ་མདོས་སྲིད་གཞུང་གི་མ་འཇོག་ཁེ་ལས་ཀྱི་རྐང་དབང་དོ་དམ་དང་གཞུང་ཁོངས་རྒྱུ་ནོར་གྱི་ཁེ་ཕན་ཆེད་དོན་རྩིས་བཤེར་ཇུས་གཞི་བཟོས་ནས་གཞུང་ཁོངས་རྒྱུ་ནོར་གྱི་བདག་ཁོངས་སྔར་བས་གསལ་པོ་བཟོས་པ་དང་། གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ་བསྐྱར་སྒྲིག་དང་། རྒྱུ་ནོར་གཙང་བཤེར། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་སེལ་བ་བཅས་ལ་རྒྱབ་སྐྱོར་བྱས་པས་ལོ་ཧྲིལ་པོའི་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་7ལས་བརྒལ་ཡོད་པ་རེད། སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར་7.69བརྩོན་ལེན་བྱས་ནས་རིག་གནས་ཡུལ་སྐོར་དང་། འཕྲལ་སྡོམ། གྲོང་སྲིད་སོགས་ཁྱབ་ཁོངས་སུ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ། འགྱུར་མེད་རང་བཞིན་མིན་པ་དང་གཙོ་གནད་རྣམ་གྲངས་མིན་པའི་གཏོང་སྒོ་སྒོར་དུང་ཕྱུར་3.9ཉུང་དུ་བཏང་ནས“གྲོན་སྲིའི་འཚོ་བ”རོལ་བའི་དངུལ་གྲོན་ཆུང་བྱས་ཏེ་དམངས་འཚོ་དང་ཐོན་ལས་གལ་ཆེན་ནང་བཏང་ཡོད།

མི་དམངས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས2026ལོར“དངུལ་རྩའི་བློ་འདྲིའི་རྫོང་ཁོངས་སུ་བསྐྱོད་པ”ཞེས་པ་སྤེལ་ཏེ།རྫོང་(ཆུས)11ཚང་མར་ཁྱབ་པ་བྱས་ཏེ་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཡོད་པའི་ཁེ་ལས་50ཙམ་འབྲེལ་མཐུད་ལམ་སྲོལ་བཙུགས་པ་རེད། ལོ་འགོ་ནས་བཟུང་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་སྦྲེལ་མཐུད་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་ཐེངས་20འཚོགས་ནས་ཁེ་ལས་360ལྷག་ཙམ་ལ་ཕན་པ་ཐོབ་པ་དང་ས་གནས་ས་ཐོག་ཏུ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་0.69བཏང་བ་རེད། ཟླ་5པར་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཀྱི་དངུལ་བུན་དབང་སྣོན་གྱི་ཆ་སྙོམས་སྐྱེད་ཚད་1.16%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.35ཆག་པ་དང་། ཡིད་རྟོན་རྐྱང་པའི་དངུལ་བུན་ཐོན་རྫས་2020ལོའི་ལོ་མཇུག་ཏུ་10ལྷག་ཙམ་ནས་60ལྷག་ཙམ་བར་མང་དུ་ཕྱིན་པ། དྲ་ཐོག་ནས་ཞིབ་མཆན་འགོད་མགྱོགས་ཤོས་སྐར་མ་2ནང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་མ་གནས་མེད་པར་དངུལ་བུན་མུ་མཐུད་གཡར་ཆོག་པ་བཅས་རེད།

“ཆབ་མདོའི་མ་འཇོག་གོ་སྐབས་གསལ་ཐོ 2026”དང་བསྡུར་ནས་ནུས་རྒྱུ་གཙང་མ་དང་། གཏེར་ཐོན། ཁྱད་ལྡན་ཞིང་ལས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་ཆེ་གྲས་དགུ་ཡི་རྣམ་གྲངས་73ལ་ཞིབ་བསྡུར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་140ཙམ་བཏང་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་སྒོ་ནས་ཁྱབ་བསྒྲགས་བྱས་པ་དང་།

རྣམ་གྲངས་ཀྱི་རྗེས་འདེད་ཀྱིས“དུས་ཚིཌ་རེར་དབྱེ་ཞིབ་དང་། ཟླ་རེར་བཀོད་གཏོང”བྱས་པ་ལས་ཞིབ་མཆན་འགོད་པའི་“ཤེལ་སྒོ”ལོཌ་སུ་བཙུགས་མེད་པ་རེད།

ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་ཆབ་མདོར་སྡོད་པའི་ལོ་གཅིག་རིང་། རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.57མཐུན་སྦྱོར་དོན་འཁྱོལ་བྱས་པ་དང་།ཐོན་ལས་བོད་སྐྱོར་རྣམ་གྲངས་34ལག་བསྟར། ཐོན་ལས་རྣམ་གྲངས་16ནང་འདྲེན་བྱས་ཏེ།གན་འཇོག་མ་དངུལ་སྒོར་དུང་ཕྱུར་36.95ཟིན་ཡོད། 2026ལོའི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཆབ་མདོ་ནི་བོད་ཀྱི་འཐུས་མི་ཚོགས་པ་ཞིག་ཡིན་པའི་ངོས་ནས་ཆེད་མངགས་འོས་སྦྱོར་གན་རྒྱ་22བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.96བཏང་བ་དང་འབྲེལ“ཆབ་མདོར་མ་འཇོག་བྱེད་པའི་གོ་སྐབས་ཀྱི་གསལ་ཐོ 2026”ཁྱབ་བསྒྲགས་བྱས་པ་རེད།

ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ2025ལོའི་ཟླ་7པར་བོད་དུ་སླེབས་རྗེས།“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་རྣམ་གྲངས་391བདེ་བླག་ངང་མཇུག་སྒྲིལ་རྒྱུར་སྐུལ་འདེད་བཏང་ཡོད།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྣམ་གྲངས་167དང་། མ་དངུལ་སྒོར་དུང་ཕྱུར་8.83ལས 2026ལོ་ནི་ལོ་དང་པོ་ཞིག་ཡིན་པའི་ཆ་ནས་རྣམ་གྲངས98ལག་བསྟར་བྱས་ཤིང་མ་དངུལ་སྒོར་དུང་ཕྱུར1.52བཏང་ཡོད།

ཐེན་ཅིན་བོད་སྐྱོར་གྱིས2025ལོར་མ་དངུལ་སྒོར་དུང་ཕྱུར1.4ལྷག་བཏང་ནས་རྣམ་གྲངས་40ལྷག་ཙམ་ལག་བསྟར་བྱས་པ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཐོན་ལས་ལེ་ལག་ཚང་བ་བཅས་ལ་ཁྱབ་ཡོད།“ཐེན་ཅིན་གྱི་དགེ་རྒན་གྲགས་ཅན་སློབ་ཁྲིད་བྱེད་པར་གཏོང་བའི”གསོ་སྦྱོང་དགེ་རྒན་མི་ཐེངས་1500ལྷག་ཟིན་པ་དང་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་འཛུགས་སྐྲུན་ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཆབ་མདོ་ཡན་ལག་ཚོགས་པའི་ཁས་ལེན་ཐོབ་ཡོད། སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”ཐོག“དྲ་སྦྲེལ+བདེ་ཐང”བསྣན་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་ལ་ཁྱབ་པའི་རྒྱང་ཁྲིད་སྨན་བཅོས་བསྐྲུན་པས་གཞི་རིམ་གྱི་མི་ཁྲི་ཙམ་ལ་ཕན་པ་ཐོབ་ཡོད།