འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། འཇོ་མདའ་རྫོང་ཉ་གཤིས་ཤང་མགར་ཆུང་གྲོང་ཚོས་དམངས་ཕན་སྦག་སྦག་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་ཁྱོན་སྦག་སྦག23སྤྲད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང49ལ་ཕན་ཐོགས་བྱུང་ཞིང་། མང་ཚོགས་ཀྱི་སྨན་བཅོས་དང་། སློབ་སྐྱེལ། ལས་ཀ་དེ་བཞིན་ཞིང་འབྲོག་ཐོན་རྫས་སྐྱེལ་འདྲེན་སོགས་ཀྱི་དཀའ་ངལ་སེལ་ཡོད། རྫོང་ཨུད་ཀྱི“གཞི་རིམ་དུ་བསྐྱོད་པ་དང་། དམངས་ཀྱི་འདོད་བློ་འདྲི་བ། དོན་འཁྱོལ་དམ་འཛིན”བཅས་ཀྱི་བཀོད་སྒྲིག་ལྟར། གྲོང་སྡོད་ལས་དོན་རུ་ཁག་གིས“ཉིན་བརྒྱའི་གྲོང་བསྐྱོད་དུད་འཛུལ”རྟོག་ཞིབ་ནང་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་གསལ་པོར་ཤེས་རྟོགས་བྱུང་ཞིང་། དེ་ནས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་འབྲེལ་ཐོག་འགྲོ་སྐྱོད་ལེགས་སུ་གཏོང་རྒྱུ་དེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་རྣམ་གྲངས་ནང་བཅུག་ཏེ། གྲོང་མིའི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་པ་བརྒྱུད། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་མ་དངུལ་ནས་འགྲོ་སོང་བཏང་སྟེ་སྦག་སྦག་ཉོས་པ་མ་ཟད་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད། སྦག་སྦག་སྤྲོད་ཡུལ་དུ། གྲོང་མི་ཚོས་ཐོ་འགོད་བྱས་ཏེ་སྦག་སྦག་བླངས་པ་དང་ལས་དོན་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
ད་ཐེངས་སྦག་སྦག་སྤྲད་པ་དེས་གྲོང་ཚོ་རིམ་པའི་འགྲིམ་འགྲུལ་གྱི་ཞན་ཆ་ཁ་སྐོང་ཐུབ་པ་དང་། ཐོན་སྐྱེད་དང་འགྲོ་འོང་གི་ཆ་རྐྱེན་ལེགས་བཅོས་བྱུང་ཞིང་། མང་ཚོགས་རྣམས་ལས་ཀ་བྱེད་སེམས་ཀུན་ནས་བསླངས་པར་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

