国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月24日

གྲོང་ཁྱེར་སྲིད་གྲོས་ཀྱིས་དུས་ཚིགས་བཞི་པའི“དཔེ་ཀློག་གིས་སེམས་རྒྱུད་གསོ། ཐོས་བསམ་གྱིས་འཁུར་སེམས་སྐྱེད”ཅེས་པའི་ཆེད་དོན་དཔེ་ཀློག་དང་སློབ་ཁྲིད་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ11ཚེས20ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྲིད་གྲོས་ཀྱིས་དུས་ཚིགས་བཞི་པའི“དཔེ་ཀློག་གིས་སེམས་རྒྱུད་གསོ། ཐོས་བསམ་གྱིས་འཁུར་སེམས་སྐྱེད”ཅེས་པའི་ཆེད་དོན་དཔེ་ཀློག་དང་སློབ་ཁྲིད་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཐོག་དེ་སྔའི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་གདན་འདྲེན་ཞུས་ནས་ཆེད་དོན་སློབ་ཁྲིད་གནང་ཞིང་། ཁོང་གིས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་ལས་ཀ། འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་བཅས་དང་ཟུང་འབྲེལ་གྱིས་ཚེ་གང་སློབ་སྦྱོང་གི་བསམ་བློ་གསོན་ཉམས་དོད་པོའི་ངང་གསལ་བཤད་བྱས་པ་དང་། མཉམ་སྤྱོད་ཀྱི་ནང་དོན་སྤྲོས་བྲལ་ཟོལ་མེད་ཡིན་པས། མི་ཚེའི་ཉམས་མྱོང་དང་འགན་འཁྲི་སྒྲུབ་པའི་བློ་གྲོས་ཀྱི་ཉིང་བཅུད་འཁྱིལ་ཡོད།