国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月24日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་བསྟན་དོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕལ་ཆེར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ།རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནད་དོན་གལ་ཆེན་ཁག་ལ་ཞིབ་འཇུག་བྱེད་པ་དང་། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ལ་ཏང་སྡོམ་ཏང་སྐྱོང་དང་ཏང་དར་ཏང་སྟོབས་རྒྱས་པར་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པར་གོ་སྒྲིག་གནང་བའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པས། རིམ་པ་སྡེ་ཚན་ཁག་གིས་མྱུར་དུ་བསམ་སྤྱོད་གཉིས་ཀ་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས་པ་དང་།ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག གྲོང་ཁྱེར་ཏང་ཨུད་ཀྱི་བླང་བྱ་བཅས་དོན་འཁྱོལ་བྱེད་དགོས་ཤིང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། “མི་རུལ་བ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་ནས་ནན་གསུང་གནང་དོན། ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས།གཙོ་གནད་ཐོན་ལས་དང་གསར་དར་ཐོན་ལས་ལ་དམིགས་ཏེ། མ་དངུལ་འདྲེན་འགུགས་དང་ལས་གཞི་འཛུགས་སྐྲུན། ཁེ་ལས་གསོ་སྐྱོང་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཐོན་ལས་ཚོགས་པ་ཅན་དང་རིམ་པ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁྲལ་འབབ་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཁྲལ་འབབ་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་དགོས། བོད་ཀྱི་ཤར་ལྷོར་ཞིང་འབྲོག་ལས་རིགས་ཚན་རྩལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས། ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།རྒྱུད་བཟང་གསོ་སྤེལ་དང་ཞིབ་ཚགས་ལས་སྣོན་ལ་དམིགས་ནས་ལག་རྩལ་གྱི་དཀའ་གནད་སེལ་བ་དང་། ཚན་རྩལ་གྱི་གྲུབ་འབྲས་གོ་ཆོད་པ་དང་བེད་སྤྱོད་མགྱོགས་སུ་གཏོང་བ།ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་སེལ་བ།ཁྱད་ལྡན་ཞིང་འབྲོག་ལས་རིགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས།