ཆབ་མདོ་ཡིས་སྐྱེ་ཁམས་ནི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཡིན་པའི་འདུ་ཤེས་བརྟན་པོ་སྲུང་བ་དང་། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལག་ལེན་ལ་སྤྱི་འདོམས་ཡག་པོ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་ཐད་ནས་མཐུན་རྐྱེན་ལེགས་པོ་སྦྱར་ཏེ། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། རི་བོ་སྔོ་བ། མི་སེམས་མཐུན་པ་བཅས་ཀྱི་སྐྱེ་ཁམས་གནས་འཕྲོད་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
གྲོང་ཁྱེར་ཆུ་བེད་ཅུད་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ནན་དུ་བཏང་ནས། གཙང་གསུམ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།
ས་ཆུ་སྲུང་འཛིན་དང་ཆུ་འགོའི་དོ་དམ་སྲུང་སྐྱོང་ལ་དམ་འཛིན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ས་མཐོའི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཆུ་ལམ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ནས་ས་མཐོའི་ཆུ་བོ་ནམ་ཡང་དྭངས་གཙང་ཡོང་བ་བྱས་པ་རེད།
གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུད་ཀྱིས་གཙང་གསུམ་རྒྱུག་ཁུལ་གྱི་སྐྱེ་ཁམསདོ་དམ་སྲུང་སྐྱོང་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་མཐོའི་སྐྱེ་ཁམསབདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་རེད།
གྲོང་ཁྱེར་སྐྱེ་ཁམསཁོར་ཡུག་ཅུད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྦུག་དྲ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་ལ་སྤྱི་འདོམས་བྱེད་པ།སྡོད་མལ་ཁོར་ཡུག་གི་ཞན་ཆར་མུ་མཐུད་བཅོས་སྒྲིག་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
སྐྱེ་ཁམས་དོ་དམ་སྲུང་སྐྱོང་བས་ལོ་ལྟར་རི་ཀླུང་དང་ལུང་གཞུང་དུ་བསྐྱོད་དེ། རྩྭ་དང་རྩི་ཤིང་ལ་སྐོར་ཞིབ་དང་གད་སྙིགས་གཙང་སེལ་བྱས་ནས། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག སྐྱེ་ཁམས་ལས་གནས་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་བ་བྱས་ཏེ། སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་བྱུང་བའི་འཚོ་བའི་འགྱུར་ལྡོག་ལ་རང་ཉིད་ནས་མྱོང་ཚོར་བྱེད་ཀྱི་ཡོད།
ཆུ་མོ་དྭངས་ཤིང་གཙང་བ་དང་ནགས་ཚལ་སྔོ་ཐིང་ངེར་གནས་པ་ནས་གྲོང་གསེབ་དྭངས་གཙང་དང་མང་ཚོགས་ལ་འབབ་འཕར་བྱུང་བའི་བར་དུ། ཆབ་མདོ་ཡིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་མཉམ་འགུལ་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ། སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། སྐྱེ་ཁམས་བཟང་པོ་དེ་འཚོ་བ་ཡག་པོ་ཞིག་ཏུ་འགྱུར་བ་བྱས་ཏེ། གཙང་གསུམ་ས་གཞི་ཆེ་མོར་སྐྱེ་ཁམསཀྱི་མཛེས་སྡུག་ནམ་ཡང་མངོན་པར་བྱ་རྒྱུ་རེད།

