འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་དཔའ་ཤོད་རྫོང་དང་ལྷོ་རོང་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་ཁར། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་མ་ཟད་རྟོག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། སེམས་ནུས་ཡོད་རྒུས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ།
མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
དཔའ་ཤོད་རྫོང་གི་ཀོ་ཆེན་ཤང་དང་།ལྷོ་རོང་རྫོང་གི་དམར་རི་གྲོང་རྡལ་དང་པད་གདགས་ཤང་དུ། ཀྲང་ལི་ཡིས་ཕེབས་ཞོར་དུ་ཏང་ཡོན་ལས་བྱེད་པ་དང་གླེང་མོལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམིགས་ས་ཡོད་པ་དང་། ཚོགས་རིགས་དབྱེ་བ། གོ་བདེ་དམངས་མཐུན་གྱི་སྒྲོག་འགྲེལ་བྱས་ཏེ། གོ་སླ་ཞིང་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པ་དང་གཞི་རིམ་འཛུགས་སྐྱོང་ཡག་པོ་བྱེད་པའི་ཁྲིད་ཕྱོགས་གསལ་པོ་བརྟན་པོར་བཙུགས་ཏེ།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། འགལ་བ་དང་རྩོད་གཞི་འདུམ་འགྲིག་དང་སེལ་བ་བཅས་བྱས་ནས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ས་དང་པོར་འཇོག་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་དུས་ཚོད་དང་སེམས་ནུས་སྔར་ལས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ས་དང་པོར་འཇོག་ཐུབ་པ་བྱ་དགོས།ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ“ཆུང་ལ་སྤུས་ལེགས”དང་“ཆུང་ལ་མཛེས་པ”“ཆུང་ལ་དངོས་བདེན”བཅས་ཀྱི་ས་མཐོའི་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཐབས་བརྒྱ་ཇུས་སྟོང་ངང་སྦྲེལ་མཐུད་དང་ཁ་གསབ་བྱེད་ཅིང་ཞིང་འབྲེལ་ཞིང་སྐུལ་ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རྒྱལ་ལམ་349 ལམ་རྒྱུད་ཀྱི་སྨུག་པོ་ལ་རུ། ཀྲང་ལི་ཡིས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ཕྱོགས་དང་པོའི་གཞུང་ལམ་བདག་སྐྱོང་བཟོ་པ་དང་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པར་འཚམས་འདྲི་གནང་ཞིང་།ཁོང་གིས་དགུན་དུས་གངས་འཁྱགས་དང་ལམ་དུ་རྡོ་ལྷུང་བ་སོགས་ཀྱི་ཉེན་ཁ་ཐོན་སླ་བ་དང་ཐོན་མང་བས་གཞུང་ལམ་ཤར་གཏོང་གི་ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་ལྕི་པོ་ཡོད་པ་རེད།མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཅིང་།གནམ་གཤིས་འགྱུར་ལྡོག་དང་ལམ་གྱི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་ཡང་དག་གཅོད་ནས་འཕྲལ་སྡོམ་གྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་།འཕྲལ་བསྡོམ་དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་པ།གཞུང་ལམ་ལ་སྐོར་ཞིབ་བཅས་བྱས་ཏེ།གློ་བུར་དུ་བྱུང་བའི་ཉེན་ཁའི་གནས་ཚུལ་སྣ་ཚོགས་ནུས་ཆེའི་ངང་ཐག་གཅོད་གང་མགྱོགས་ཐུབ་པ་དང་།ཁོངས་གཏོགས་ཁུལ་གྱི་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་མེད་ཤར་སྐྱོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་བསྟན།
དམར་རི་གྲོང་རྡལ་གྱི་བྱིས་པ་ཁང་དང་སློབ་ཆུང་དང་པོ་རུ།ཀྲང་ལི་ཡིས་ཡུལ་དངོས་སུ་སློབ་གྲྭའི་དོ་དམ་དང་།དགེ་རྒན་དཔུང་ཁག་འཛུགས་སྐྱོང་། བདེ་འཇགས་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་།ཁོང་གིས་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་ནན་ཏན་བྱས་ཏེ།བསམ་བློ་ཆབ་སྲིད་བེད་སྤྱོད་ཡག་པོ་བྱེད་པ་དང་།ཕན་ནུས་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཡག་པོ་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་ཕྲུ་གུ་ཚང་མའི་སེམས་གཏིང་དུ་ཟུག་པ་བྱེད་དགོས། དཔེ་ཀློག་གི་སློབ་གྲྭ་འཛུགས་སྐྲུན་རྒྱུན་མཐུད་བྱེད་པ་དང་།རྒྱ་ཆེའི་སློབ་མ་རྣམས་དཔེ་དེབ་ཀློག་པར་དགའ་བ་དང་དཔེ་དེབ་ཡག་པོ་ཀློག་པ།དཔེ་དེབ་ལྟ་མཁས་པོ་བཅས་ཆགས་པར་ཁྲིད་སྟོན་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་ཟས་རིགས་དང་། མེ་ཟོན། རྒྱུན་ལྡན་གྱི་བདེ་འཇགས་དོ་དམ་བཅས་ལ་དམ་འཛིན་ཏན་ཏིག་བྱེད་ཅིང་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་བརྟན་པོ་བཟོ་དགོས།“སློབ་གྲྭའི་ཟ་མའི”འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་གང་ལེགས་བྱས་ཏེ།དངུལ་ཚང་མ་སློབ་མའི་སྟེང་དུ་བེད་སྤྱོད་དང་སློབ་མའི་ཁ་ནང་དུ་འགྲོ་བ་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་ལེགས་སྐྱོང་དམ་འཛིན་ནན་པོ་བྱེད་པ་དང་རྒྱུན་ལྡན་ཅན་གྱིས་ལས་སྒོ་སྦྱོང་བརྡར་སྤེལ་ཏེ།རྒྱུན་ཆད་མེད་པར་དཔེ་ཁྲིད་མི་སྐྱོང་གི་ཆུ་ཚད་ཇེ་མཐོར་བཏང་སྟེ།སློབ་མའི་མི་ཚེའི“གོམ་པ་དང་པོ་སྤོ་བའི”ལམ་སྟོན་པ་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད། པད་གདགས་ཤང་འཕྲོད་བསྟེན་ཁང་དུ།ཀྲང་ལི་ཡིས་གཞི་རིམ་གྱི་སྨན་དོན་ལས་དོན་པར་འཚམས་འདྲི་བྱེད་ཞོར་དུ་གཅོང་ནད་དོ་དམ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་།ཁོང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།མི་དམངས་ཀྱི་ལུས་པོ་བདེ་ཐང་དེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྔོན་ལ་བཞག་སྟེ།དགེ་མཚན་ལྡན་པ་དང་།རྨང་གཞི་བརྟན་དུ་གཏོང་བ།ཞན་ཆར་གསབ་པ་བཅས་ཀྱི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་བྱ་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ཏེ།གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་མགྱོགས་སུ་གཏོང་བ་དང་།སྨན་བཅོས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་མགྱོགས་སུ་གཏོང་བ། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་ལ་སྐུལ་འདེད་གཏོང་ནས།ས་མཐོར་ཕོག་སླ་བ་དང་ཕོག་མང་བའི་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས“སྒོ་འགྲམ”ནས་སྨན་བཅོས་ཐུབ་པའི་དགོས་མཁོ་སྐོང་བ་དང་“ནད་ཆུང་ཤང་ལས་མི་བརྒལ་བ་དང་ནད་ཆེན་རྫོང་ལས་མི་བརྒལ་བ”བྱེད་དགོས། གཞི་རིམ་གྱི་སྨན་བཅོས་ལས་དོན་པ་ཚོས་ཐོག་མའི་བསམ་འདུན་ལྟར་འགན་འཁྲི་བརྟན་སྲུང་དང་སྨན་པའི་སྤྱོད་བཟང་ལ་བརྩི་མཐོང་དར་སྤེལ་དང་སྨན་བཅོས་ལག་རྩལ་བྱང་ཆུབ་པ་བཅས་བྱས་ཏེ། མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྔར་ལས་སྤུས་ལེགས་དང་ཕན་ནུས་ཆེ་བའི་སྨན་བཅོས་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

