国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月20日

ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ།

2026ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བ་དང་ཆབ་མདོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཞིག་རེད། ལོ་75ཡི་རིང་ཆབ་མདོའི་ཞིང་འབྲོག་ཁུལ་དུ་སྐྱས་སྤོས་ཁ་ཐོར་དང་། ཆ་རྐྱེན་རྗེས་ལུས་ནས་ཐོན་ལས་དར་རྒྱས་ཆེ་ཞིང་སྒྲིག་བཀོད་འཐུས་ཚང་ཡིན་པ། སྣོད་བཅུད་མཛེས་པ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་དམིགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སྣོད་བཅུད་ལས་གནས་དོ་དམ་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་བཅས་གཙོ་གནད་བཞིར་དམ་འཛིན་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས“སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ།ཕྱུག་འགྱུར་ཐུབ་པ། ཁོར་ཡུག་མཛེས་སྡུག་ལྡན་པ”བཅས་ཡོང་བ་བྱས་ཡོད། གནས་སྤོའི་རྗེས་མཐུད་རོགས་སྐྱོར་གནད་སྨིན་དོན་འཁྱོལ་བྱས་པ་བརྒྱུད་རྫོང་ཁག་གིས་ཡུལ་བབ་དང་བསྟུན་ནས་རོགས་སྐྱོར་འཁོར་ཁང་དང་ཁྱད་ལྡན་ཐོན་ལས་རྟེན་གཞི་བསྐྲུན་ཏེ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་12.89ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་28.39ཟིན་ཡོད། འབྲི་གཡག་དང་། རིག་ལྡན་ནས། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ ཚྭ་ཆང་རིག་གནས་ཡུལ་སྐོར་སོགས་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་མུ་མཐུད་སྟོབས་ཆེར་བཏང་ནས་གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་ཕན་པ་ཐོབ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། སྣོད་བཅུད་ཀྱི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བ་དང་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་ལས་གནས་གཞི་ཁྱོན་ཆེན་པོས་བཀོད་སྒྲིག་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དབུལ་པོ་རང་ལོག་སྔོན་འགོག་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འགྲིམ་འགྲུལ་དང་། ཟོག་འགྲེམས ཚད་གཞི་མཐོ་བའི་ཞིང་ཁ། རིག་ལྡན་ཞིང་ལས་སོགས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པ་གཤམ་སྐྱོད་དང་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་དགོས། མ་དངུལ་དང་རྣམ་གྲངས་ཀྱི་གཏོང་ཆ་གཏོང་བ་དང་། ཐོན་ལས་ཞིང་འབྲེལ་གྱིས་ཕྱུག་འགྱུར་སྣེ་ཁྲིད་བྱེད་པ། གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བརྒྱུད་བོད་ཤར་རྒྱུད་ཀྱི་གྲོང་གསེབ་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོང་གསེབ་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ཡོད།