འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས17ཉིན། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ནས“ཏང་སྐྱོང་སྣེ་ཁྲིད་ཀྱིས་འགོག་རགས་བསྐྲུན།དུས་བདེ་ཞོད་འཇགས་མཉམ་སྲུང་བྱ”ཞེས་པའི་གཙོ་དོན་ཏང་གི་ཉིན་མོ་མཉམ་སྐྱོང་གི་བྱེད་སྒོ་སྤེལ་བ་རེད།བྱེད་སྒོའི་ཐོག་གྲོང་ཁྱེར་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་ཡོན་འཐུས་མི་རྣམས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་གྲོང་གསར་དམིགས་བསལ་ལས་སྒྲུབ་ས་ཚིགས་སུ་ཕེབས་ནས།མེ་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང་།འཚོལ་སྐྱོབ་བྱེད་མཁན་ཤ་ཁྱི་དང་ཐོག་བརྩེགས་བཞིའི་རིང་ཚད་ཀྱི་དཔྱངས་ཐག་བརྒྱུད་ནས་འཛེགས་ས།དམིགས་བསལ་རླངས་འཁོར།ཆེད་ལས་ཀྱི་རོགས་སྐྱོབ་ཡོ་ཆས་སོགས་ཀྱི་འགྲེམས་སྟོན་ལ་ལྟ་སྦྱོང་བྱས་པར་མ་ཟད་མེ་གསོད་ཡོ་ཆས་བེད་སྤྱོད་གཏོང་བ་དང་སྣུམ་སླང་གི་མེ་གསོད་པ་སོགས་དངོས་ཐོག་ཉམས་ལེན་བྱས་ཏེ། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ནམ་རྒྱུན་སྦྱོང་བརྡར་དང་ལས་ཀ་སྒྲུབ་སྟངས།འཕྲལ་རྐྱེན་མྱུར་སེལ་སོགས་ཀྱི་ལས་ཀར་ཉེ་བར་བཅར་ནས་རྒྱུས་ལོན་གནང་བ་རེད། བྱེད་སྒོའི་ཐོག་ཏང་སྐྱོང་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོར་དམིགས་ནས།མེ་ཟོན་ལག་ལེན་ལ་མྱོང་རོལ་བྱ་རྒྱུ་དེ་ཏང་ཡོན་ལ་སློབ་གསོ་སྤེལ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས།མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་།ཏང་ཡོན་ལས་བྱེད་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་ཆེ་རུ་བཏང་སྟེ། “མཉམ་སྐྲུན་སྒྲིག་འཛུགས་དང་ཐོན་ཁུངས་མཉམ་སྤྱོད།ཏང་ཡོན་མཉམ་འགུལ། བདེ་འཇགས་མཉམ་སྐྲུན”བཅས་ཡོང་བར་བྱས་ཡོད།

