国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月20日

བོད་རང་སྐྱོང་ལྗོངས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཆེད་དོན་སྒྲོག་འགྲེལ་ཚོགས་པས་རང་རེའི་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་མཐུད་ངང་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་ཆེད། ཟླ11ཚེས17ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་པས་རང་རེའི་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

སྒྲོག་འགྲེལ་བྱ་ཡུལ་དུ།རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡའོ་ཡུས་ཀྱིས“ཅིའི་ཕྱིར་ཁྲིམས་འཛུགས་པ་དང་། ཅི་ལྟ་བུ་བྱས་ཏེ་ཁྲིམས་འཛུགས་པ། ཅི་ལྟར་བྱས་ཏེ་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པ”སོགས་ལ་དམིགས་ཏེ་འགྲེལ་བཤད་བསྐྱོན་པ་དང་། ཆབ་མདོའི་མི་རིགས་ཁག་གི་མང་ཚོགས་ཉེ་གམ་གྱི་དོན་དངོས་དང་འབྲེལ་ཏེ། གོ་སླ་ཞིང་ཉན་སླ་བའི་སྐད་ཆའི་ཐོག་ནས་སྒྲོག་འགྲེལ་གནང་བ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཡིས་རང་རེའི་གྲོང་ཁྱེར་གྱི་ཚན་པ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་དགོངས་དོན་ངོ་མར་གོ་བ་ལེན་ཤུགས་སྔར་བས་ཆེ་རུ་ཕྱིན་ཞིང་། ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་མི་རིགས་ཆོས་ལུགས་ཚན་ཁག་གི་ལས་ཀ་རྐྱང་པ་ཞིག་མ་ཡིན་པར་ཚན་པ་ཁག་གི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པའི་ངོས་ཟིན་བྱུང་ཡོད།