འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། སྟེང་ཆེན་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བུད་མེད་ཀྱི་བདེ་ཐང་ཤེས་བྱའི་སྐོར་ནས་འཆད་ཁྲིད་གནང་སྟེ། རྫོང་ཡོངས་ཀྱི་ལས་ཁུངས་ཁག་གི་བུད་མེད་ལས་བྱེད་པ་རྣམས་སློབ་སྦྱོང་ལ་ཕེབས་ཡོད།
སྒྲོག་འགྲེལ་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དམ་དུ་འཛིན་ཞིང་། མང་ཚོགས་ཚོགས་པའི་ལས་དོན་དང་བུད་མེད་ཀྱི་ལས་ཀའི་གནས་སྟངས་ལ་གཞིགས་ནས། གཞི་རིམ་ཏང་སྐྱོང་དང་སྤྱོད་ཚུལ་ལེགས་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ནང་དོན་གཙོ་བོ་རྣམས་རྒྱས་པར་བཀྲལ་ཏེ། བུད་མེད་ལས་བྱེད་པ་རྣམས་ལ་ཚང་འཛོམས་གྲོས་ཀྱི་དགོངས་དོན་ལེགས་པར་རྟོགས་ཤིང་འགན་འཁྲི་འཁུར་སེམས་ཆེ་རུ་སྐྱེད་པའི་ཁྲིད་སྟོན་གནང་ཡོད། འཆད་ཁྲིད་ཐོག་མི་དམངས་སྨན་ཁང་གི་སྨན་པ་ཆེད་དུ་གདན་འདྲེན་ཞུས་ནས་བུད་མེད་ཀྱི་བདེ་སྲུང་སྐོར་དང་རྒྱུན་མཐོང་ནད་རིགས་སྐོར། སེམས་ཁམས་སྙོམ་སྒྲིག་སོགས་ཀྱི་ནང་དོན་འགྲེལ་བཤད་གནང་བར་མ་ཟད་ཡུལ་དངོས་ནས་དོགས་ལན་བཏབ་སྟེ་བུད་མེད་ལས་བྱེད་པ་རྣམས་ལ་ཚན་རིག་དང་མཐུན་པའི་བདེ་ཐང་གི་འདུ་ཤེས་སྐྱེད་པར་མཐུན་རྐྱེན་སྦྱར་ཡོད།

