འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་གྲོང་ཁྱེར་སྤྱི་བདེ་ཅུད་ཁོར་ཡུག་བཟའ་བཅའ་དང་སྨན་རྫས་མྱུལ་ཞིབ་ཉིང་ལག་རུ་ཁག་དང་མཉམ་དུ“བློ་བདེའི་འཛད་སྤྱོད། ང་ཚོས་ལོངས་སུ་སྤྱོད”ཅེས་པའི་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་ཏེ། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དགེ་སློབ་ཚོར་འཛད་སྤྱོད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་པ་དང་། ཚད་ལེན་རྫུན་མ་དབྱེ་འབྱེད་དང་བཟའ་བཅའ་བདམས་ཉོའི་བདེ་འཇགས་ཀྱི་རྒྱུན་ཤེས་བཅས་ལ་འགྲེལ་བཤད་བརྒྱབ་ཅིང་། ཡུལ་དངོས་སུ་ཚད་ལྡན་མིན་པའི་ཚད་འཇལ་ཡོ་བྱད་དབྱེ་འབྱེད་དང་། 12315འཛད་སྤྱོད་ཁེ་དབང་སྲུང་ལམ་ཁྱབ་གདལ་བཏང་ནས་སློབ་མ་ཚོར་ཚོགས་སྤྱིའི་འཛད་སྤྱོད་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

