སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་གུང་ཁྲན་ཏང་མིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་ཞེས་བསྟན་ཡོད། ལག་ཐོགས་ཁ་པར་ལ་འཕྲིན་བརྡ་མེད་པ་དང་།ཆུ་རྫིང་གི་བཀག་སྒོ་མཐོ་དྲགས་པ། ལས་གྲྭའི་དངུལ་དུས་ཐོག་མི་སྤྲོད་པ་བཅས་ནི་བྲག་གཡབ་རྫོང་དབྱེན་འདུམ་གྲོང་བརྡལ་བེ་རྒྱུད་གྲོང་ཚོའི་མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་ཀྱི་དོན་དག་ཞིག་རེད། ལོ་ན་28ལ་སླེབས་པའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཙེང་ལིང་ཅེ་ལ་གཞི་རིམ་གྱི་ཉམས་མྱོང་མེད་ཀྱང་ཁོང་གིས་དོན་དག་རེ་རེ་བཞིན་ལ་བརྟག་ཞིབ་བྱས་ནས་རེ་རེ་བཞིན་ལེགས་སྒྲུབ་ཐུབ་པ་བྱས་ཡོད།
གཞི་རིམ་དུ་ང་ཚོས་རྒྱུན་དུ་“དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པ”སྐོར་གོ་ཐོས་མང་པོ་ཡོད། ངས་བསམ་པར། མི་སེར་གྱི་སེམས་ནང་བྱ་བ་བཟང་པོ་ཡིན་སྙམ་པ་དེ་དང་། ལས་བྱེད་པས་བསམ་པ་དེ་དོན་ད་གཅིག་ཨེ་ཡིན་ནམ་ཞེ་ན།
ཙེང་ལིན་ཅེ་ཁོང་ལོ་28ལས་མིན་པས། གཞི་རིམ་གྱི་ལས་ཀའི་ཉམས་མྱོང་མེད་ཀྱང་ཁོང་གིས་ལས་དོན་སྒྲུབ་པར་བབ་བརླིང་ལྡན་ལ་ཁོང་གི་ལས་ཀའི་འཇོན་ཐང་ལ་མི་རྣམས་ཧ་ལས་དགོས་པ་ཞིག་རེད།བེ་རྒྱུད་གྲོང་ཚོ་ནི་མཐའ་བཞི་རི་བོས་བསྐོར་བའི་ལུང་ཁུག་ཏུ་ཆགས་ཡོད། རྫོང་གྲོང་ལ་ལམ་ཐག་རིང་པོ་མེད་ཀྱང་འདི་ན་འཇིག་རྟེན་གཞན་ཞིག་ལ་སླེབས་པ་དང་འདྲ། ཙེང་ལིན་ཅེའི་མིག་མདུན་མངོན་པ་ནི་རི་བོ་ཙམ་མ་ཟད་ད་དུང་མང་ཚོགས་ཀྱི་སེམས་ནང་གི་དོན་དག་དེ་དག་རེད།
ཤོང་ཚད་གྲུ་བཞི་ལྷམ་པ་300ཡིན་པའི་ཆུ་རྫིང་དེའི་ཆུ་སྒོ་ཧ་ཅང་མཐོ་དྲག་པའི་དོན་དག་དེ། ཧྲུའུ་ཅི་ཡིས་རྫོང་ལ་འབྲེལ་གཏུག་བྱས་ནས་ཇུས་འགོད་ལེགས་སྒྲིག་བྱས་པས། ད་ལྟ་གྲོང་མི་ཚོས་བཀོལ་སྤྱོད་བྱས་ན་སྟབས་བདེ་རེད་འདུག་ཅེས་བཤད།
འབྲེལ་གཏུག་ཐེངས་20ལྷག་ཙམ་བྱས་ནས་འཕྲིན་བརྡའི་བབས་ཚུགས་བཟོས་པ་དང་།སྙན་ཞུ་ཕུལ་ནས་ཆུ་རྫིང་གི་ཆུ་སྒོ་བཟོ་བཅས་བྱས་པ།ཡིག་ཆ་ཡང་ཡང་སྤྲད་ནས་ཆད་དངུལ་ལེན་རོགས་བྱས་པ་སོགས་ཚང་མ་དོན་ཆེན་ཞིག་མིན་མོད། ཙིན་ལེན་ཅེ་ཡིས་མང་ཚོགས་ཀྱི་དོན་དག་ཆུང་ཆུང་ནས་འགོ་བཙུགས་ཏེ་ལེགས་བསྒྲུབས་བྱེད་པ་ནི་ཁོང་གི་རིན་ཐང་ལྟ་བའི་དོན་སྙིང་རེད། མང་ཚོགས་ཀྱིས་རྣམ་གྲངས་ཆེ་ཆུང་ལ་དོ་སྣང་མི་བྱེད་པར་རང་ཉིད་ཀྱི་སེམས་ཁྲལ་ཆེ་ཤོས་ཀྱི་གནད་དོན་ཐག་གཅོད་ཐུབ་མིན་ཁོ་ནར་ལྟ་བ་ཡིན། བེ་རྒྱུད་གྲོང་ཚོའི་ཉམས་མྱོང་དེ་དག་ལས་གཞུང་ལས་ཁང་དུ་བསྡད་ནས་བསམ་བློ་གཏོང་བ་དང་ཞིང་ནང་དུ་ལངས་ནས་ལྟ་བ་གཉིས་སྐབས་རེ་དོན་གཅིག་མིན་པ་གསལ་བཤད་ཐུབ་ཡོད།ཙིན་ལེན་ཅེ་ཡིས་དོ་སྣང་ཆེ་ཤོས་བྱེད་པ་ནི་ལམ་སེང་མཐོང་ཐུབ་པའི་གྲུབ་འབྲས་དེ་དག་ཡིན་པ་མ་ཟད།ད་དུང་ཕུགས་ལ་གཞི་ཚུགས་པའི་མངོན་མེད་གྲུབ་འབྲས་དེ་དག་ཡོད།གྲོང་ཚོའི་སློབ་གསོ་འཕེལ་རྒྱས་སྐོར་གླེང་སྐབས་ཁོང་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད་པ་རེད།
ཕྱིར་འགྲོ་ཁར་བེ་རྒྱུད་གྲོང་ཚོར་ཕྱིར་ལྟ་བྱེད་སྐབས་གཞུང་ལམ་འགྲོ་བདེ་ཞིང་ཟམ་པ་བརྟན་ལ་བརྡ་འཕྲིན་ཤར་གཏོང་ཐུབ་པ་བྱུང་ཡོད་ལ། བུ་ཕྲུག་ཁག་གཅིག་རི་ཁུག་དེ་ནས་ཐོན་ཡོད། གནའ་བོའི་མཁར་རྫོང་དང་འདྲ་བའི་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་དེ་དག་སྔོ་ལྗང་ལྕང་སྡོང་གི་གྲིབ་བསིལ་འོག་བརྗིད་ཉམས་དོད་པ་དང་། ཡུལ་མི་རྣམས་བདེ་འཁོད་ལས་བརྩོན་བྱེད་ཅིང་འཚོ་བ་དགའ་སྐྱིད་ལྡན་པ་ཞིག་བྱུང་ཡོད་པ་རེད།

