འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་11ཚེས་18ཉིན། སྐབས་གསུམ་པའི་ཆབ་མདོ་གྲོང་ཨུད་ཀྱི་རེས་སྐོར་དང་པོའི་སྐོར་ཞིབ་བཅའ་སྡོད་ལེགས་གྲུབ་བྱུང་བ་རེད། ད་ཐེངས་སྐོར་ཞིབ་ཚོགས་ཆུང་6གིས་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།
སྐོར་ཞིབ་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་སྐབས་གསུམ་པའི་ཆབ་མདོ་གྲོང་ཨུད་ཀྱི་རེས་སྐོར་དང་པོའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཨུད་སྐོར་ཞིབ་ཚོགས་ཆུང་གིས་སྐོར་ཞིབ་བྱ་ཡུལ་ཚན་པ་ཁག་གི་ཏང་ཙུའི་ལ་ཉིན་45རིང་ལས་དོན་བསྒྲུབ་རྒྱུ་ཡིན་ལ། སྐོར་ཞིབ་རིང་། ཆེད་དུ་ཆེད་མངགས་འབྲེལ་གཏུག་ཁ་པར་བཙུགས་ནས་ཉིན་ལྟར་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་9:30ནས་13:00དང་ཕྱི་དྲོའི་ཆུ་ཚོད་15:30ནས་18:00ཡིན་པ་དང་། ཡིག་འབུལ་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2026ལོའི་ཟླ12ཚེས་26ཉིན་བར་ཡིན་པ་རེད།

