国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月13日

ཀུན་སེམས་གཅིག་བསྒྲིལ་གྱིས་བརྟན་ལྷིང་སྲུང་། ཐབས་མཁས་ལེགས་སྐྱོང་གིས་བདེ་ལ་བཀོད།

དུས་བདེ་ནི་འཕེལ་རྒྱས་ཀྱི་གཞི་མ་དང་མཐུན་སྒྲིལ་ནི་ཞི་མཐུན་གྱི་རྩ་བ་ཡིན། དེ་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཞིར་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རབ་ཏུ་འབད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དུས་བདེའི་ཆབ་མདོ་ལེགས་པར་སྐྱོང་ལ་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་གྱི་སྡེ་ཁུལ་ཁག་ཏུ་འབྱོར་དུས།དྲ་མིག་ལས་དོན་པ་རྣམས་ཁྲོམ་སྲང་དུད་ཚང་དང་འགལ་ཟླ་འདུམ་འགྲིག་ཁང་དུ་ཕེབས་ནས་གཅིག་སེམས་གཅིག་བརྟེན་དང་རིགས་ཁག་གི་གྲོང་པ་ཁྱིམ་མཚེས་རྣམས་གཅིག་རོགས་གཅིག་ཕན་གྱིས་གནས་ཤིང་། གཞི་རིམ་བཅོས་སྐྱོང་གི་བྱ་བ་ཕྱོགས་རྣམ་ཀུན་ཏུ་ཁྱབ་པར་བྱས་ཡོད། རང་རེའི་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཧྥུང་ཆའོ་ཉམས་མྱོང་ལག་ལེན་འཆག་མེད་བསྟར་ཏེ། དྲ་མིག་ཅན་གྱི་བཅོས་སྐྱོང་དང་གཉིས་ལྡན་དུད་སྦྲེལ། མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་བཅས་སྟོབས་ཆེར་བསྐྱངས་ནས། འགལ་ཟླ་ཡོད་ཚད་རང་སར་ཞི་ཞིང་གནད་དོན་ཡོད་ཚད་འབུར་འཇོམས་ཀྱིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཉེ་འཁོར་གྱི་དོན་དག་ཅི་རིགས་ལེགས་པར་སྒྲུབ་བཞིན་ཡོད།

གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལུང་ཧྲི་ཁྲང་གིས“སྲིད་ཁྲིམས་ཨུ་ལྷན་ལ་མཚོན་ན།དུས་བདེའི་ཆབ་མདོ་སྐྱོང་འགན་ཕྲག་ཐོག་ཏུ་ཡོད་པ་རེད། བདེ་སྲུང་གི་ཐད་ནས་ཡིན་ན།ང་ཚོས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་བསྟུན་ནས།ནག་ཚོགས་ངན་འབྲེལ་གྱི་གྱོད་དོན་སྐོར་ཞིག་རྩད་གཅོད་ཐུབ་ཡོད།མང་ཚོགས་ནས་བསམ་འཆར་ཆེ་བའི་ཟང་ཟིང་གི་གནས་ཚུལ་ལ་གཞིགས་ནས།ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས་འགའ་རྩད་ཆོད་པས་མི་གསོད་གྱོད་གཞི58%ཙམ་ཉུང་དུ་སོང་ཡོད་ལ་མང་ཚོགས་ལ་བདེ་འཇགས་ཚོར་སྣང99.5%ཙམ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཟླ10པ་ནས་བཟུང་འགལ་ཟླ་རིགས་སྣ་ཚོགས200ལྷག་སེལ་བ་དང་།རིགས་འདྲ་མིན་གྱི་རྐྱེན་རྩ300ལྷག་བཅོས་སྒྲིག་ཐུབ་ཡོད།ཡིག་སྐུར་ངོ་བཅར་གྱི་ལས་དོན་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་བཏང་བས་བདག་སྤྲོད་བྱེད་ལུགས་དང་སྒྲུབ་ལུགས་སྒྲུབ་སྟངས་སོགས་ཀྱི་ཐད་ལ་མང་ཚོགས་ནས་དགའ་མགུ་ཡི་རངས་བྱུང་ཚད98%ཡན་ཟིན་ཡོད།

གོམ་སྟབས་རྗེས་མར། ང་ཚོས་རང་འགུལ་གྱིས་དུས་བདེ་འཛུགས་སྐྱོང་བྱ་རྒྱུ་དང་། རྒྱ་ཆེའི་གཞི་རིམ་གྱི་ཏང་རྩ་འཛུགས་ལ་བརྟེན་ནས་འགལ་ཟླའི་རྐྱེན་རྩ་ཡོད་ཚད་འབུར་འཇོམས་བྱས་ཏེ། ཆབ་སྲིད་ཞོད་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་འབྲས་བཟང་ལས་ལྔ་གཏོད་ཆབ་མདོའི་ལས་མཐའ་སྐྱོང་རྒྱུ་ཡིན”ཞེས་བཤད། མི་རིགས་མཐུན་སྒྲིལ་ནི་སྲོག་རྩ་ཡིན་པས། མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུ་ལྟ་བུ་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད། གྲོང་ཁྱེར་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་གཏན་སྤེལ་བ་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་མཐུན་རྐྱེན་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་རྣམས་ཕར་རོགས་ཚུར་རོགས་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་མཉམ་འདུག་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོའི་ཀློང་དུ་མཛའ་བརྩེ་དམ་དུ་འཕེལ་ཡོད།

གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝང་ཀྲུང་གིས“ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་དང་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོ་ཟླ་བ་སོགས་དུས་ཚིགས་གལ་ཆེན་དག་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་སྐོར་ནས་གཙོ་དོན་བྱེད་སྒོ་སྣ་ཚོགས་ཇུས་འགོད་བཟོས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གོ་བ་མ་ནོར་བ་སྤྲད་ཡོད། དེ་ནས་མཐོ་སྒང་གི་སེ་འབྲུ་ཞེས་པའི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་འཕྲིན་སྟེགས་ལ་བརྟེན་ནས། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱེད་པའི་ལམ་ཁ་ཡངས་སུ་བཏང་ཡོད”ཅེས་བཤད།

ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཨོ་རོང་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་རིན་ཆེན་གྱིས“ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བཟུང་སྟེ། གཞི་རིམ་བཅོས་སྐྱོང་གི་སྐབས་སུ་གཙང་གསུམ་རིག་ནུས་གྲངས་འཛིན་སྟེགས་བུར་བརྟེན་ནས། མི་དང་ས་ཆ། དོན་དག་དང་དངོས་རྫས། རྩ་འཛུགས་སོགས་ཀྱི་གྲངས་གཞི་ཁོང་དུ་ཆུད་པར་བྱས་ཏེ། འགལ་ཟླ་དང་རྩོད་གཞི། བདེ་འཇགས་ལ་གནོད་པའི་རྐྱེན་ངན་སོགས་དུས་ཐོག་ཏུ་ཐག་གཅོད་གང་ལེགས་བྱེད་བཞིན་ཡོད། ང་ཚོས་རྒན་རྒོན་དང་དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་ཀྱི་ཕྱིར་དུ་རང་འགུལ་གྱིས་སྒོ་རྩར་བཅར་ནས་ཞབས་འདེགས་ཞུ་བ་དང་རོགས་རམ་བྱེད་ཞོར་ཏང་གི་དམངས་ཕན་སྲིད་ཇུས་དང་མེ་ཟོན་བདེ་འཇགས། མི་རིགས་མཐུན་སྒྲིལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཤེས་བྱ་རྣམས་དྲིལ་བསྒྲགས་བྱེད་ཀྱིན་ཡོད”ཅེས་བཤད།

ཆོས་ལུགས་ཁྱབ་ཁོངས་ཀྱི་འཐུས་ཚབ་མི་སྣ་བྱམས་པ་གླིང་དགོན་སྡེའི་དགེ་འདུན་པ་འཇམ་རྣམ་གྱིས“ང་ཚོ་དགེ་འདུན་པའི་སེམས་ལ་དུས་ནམ་ཡང་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོར་འཛིན་གྱིན་ཡོད།ངས་ནམ་རྒྱུན་རྒྱལ་ཁབ་ལ་དགའ་ན་ད་གཟོད་ཆོས་ལ་དགའ་བའི་ངོས་འཛིན་བྱེད་ཀྱིན་ཡོད།ང་ཚོ་ནི་ཐོག་མར་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས་ལ་རྒྱལ་ཁྲིམས་གཙོ་བོ་དང་འདུལ་ཁྲིམས་ཕལ་པ་ཡིན་དགོས།ང་ཚོས་ནམ་རྒྱུན་དད་ལྡན་མང་ཚོགས་ལ་དགེ་སྒྲུབ་སྡིག་སྤངས་དང་སྒྲིག་བརྩི་ཁྲིམས་སྲུང་།དཀའ་སྤྱད་འབད་བརྩོན།འཆམ་མཐུན་མཉམ་གནས་གྱིས་ཕ་ཡུལ་འཛུགས་སྐྲུན་གནང་དགོས་པའི་ཁ་ཏ་སློབ་གསོ་རྒྱག་གིན་ཡོད། རྗེས་ཕྱོགས་ལ་ཡང་ངས་མུ་མཐུད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཀུན་སློང་མ་བརྗེད་པར་དགོན་སྡེར་དོ་དམ་གང་ལེགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད།