国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月13日

ཆབ་མདོ་གྲོང་ཁྱེར་གྱིས“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་འགོ་ཚུགས་པ།

འདི་ནི་མེ་ཟོན་སྦྱོང་བརྡར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་9ཉིན། ཆབ་མདོ་གྲོང་ཁྱེར་གྱི་2026ལོའི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་ཤང་གྲོང་སྲིད་གཞུང་གི་ཆེད་བསྐོས་མེ་ཟོན་རུ་ཁག་གི་མེ་ཟོན་ས་ཚིགས་ཆུང་གྲས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དེ་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་འཚོགས་པ་རེད།

གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས《2026ལོའི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ཕུལ་བྱུང་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་ཡོངས་བསྒྲགས་གཟེངས་བསྟོད་གནང་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གི་བརྡ་ཐོ》སྒྲོག་སྦྱང་བྱས་པ་དང་། སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་ཡིས་རིམ་པ་བཞིན་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་གཉིས་དང་ཕྱེད་ཀ་ཡིན་པ་དང་། འགྲན་ཞུགས་དཔུང་ཁག་དེ་སྲིད་གཞུང་གི་ཆེད་བསྐོས་མེ་ཟོན་རུ་ཁག་དང་སྤྱི་ཚོགས་ཚན་པའི་མེ་ཟོན་ས་ཚིགས་ཆུང་གྲས་བཅས་ཚོགས་ཆུང་ཆེན་པོ་གཉིས་སུ་ཕྱེས་ཡོད།