国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月13日

སྨར་ཁམས་རྫོང་དུ་རྒུན་འབྲུམ་ཐོན་ལས་མཐུན་ཚོགས་བཙུགས་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་བར་མཐུན་རྐྱེན་སྦྱར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་རྒུན་འབྲུམ་ཐོན་ལས་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་དེ་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ལྕང་ལུང་གཞིས་ཀར་འཚོགས་པ་རེད། མཐུན་ཚོགས་ཀྱི་ཚོགས་མི32ཚོགས་འདུར་ཞུགས་པ་དང་། འདི་ལས་ས་གནས་ཀྱི་རྒུན་འབྲུམ་ཐོན་ལས་ལ་ལས་རིགས་མཉམ་ལས་ཀྱི་སྡིངས་ཆ་གསར་པ་ཞིག་བྱུང་བ་མཚོན་ཐུབ།

ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་ལྟ་ཞིབ་པ།མཐུན་ཚོགས་ཀྱི་འགན་འཁུར་བ་བཅས་འདེམས་བསྐོ་གནང་བ་དང་། ཡུལ་དངོས་སུ་བདམས་ཐོན་བྱུང་བའི་མི་སྣ12ལ་བསྐོ་བཞག་གི་ལག་ཁྱེར་སྤྲད་པར་མ་ཟད། མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་གཉེར་བ་དང་། གསར་དུ་བདམས་པའི་ཚོགས་གཙོ་ཡིས་བསམ་ཚུལ་ལྷུག་བརྗོད་གནང་བ་རེད།

སྨར་ཁམས་རྫོང་ནི་ཟླ་ཆུའི་རྒྱུད་ཀྱི་རོང་སར་ཆགས་ཡོད་པས་རྒུན་འབྲུམ་འདེབས་པའི་ཆ་རྐྱེན་ལེགས་པར་འཛོམས་ཤིང་། མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བའི་ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་ཆེས་ཆེར་མངའ་ཡོད།ད་ཐེངས་མཐུན་ཚོགས་བཙུགས་པ་འདིས་ཐོན་ལས་མཉམ་སྒྲུབ་ཀྱི་རྣམ་པ་འཐུས་སྒོ་ཇེ་ལེགས་སུ་ཕྱིན་ཞིང་ཆུ་རྒྱུད་སྟོད་སྨད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། ས་མཐོའི་ཐོན་ཁུངས་ཀྱི་དགེ་མཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས།བོད་ཤར་རྒུན་ཆང་ཐོན་ལས་སྤུས་དག་གོང་འཕེལ་དང་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་གང་ལེགས་སྦྱར་ཡོད་པ་རེད།