国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月13日

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལ་རང་རེའི་གྲོང་ཁྱེར་དུ་ ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ11པའི་ཚེས10ཉིན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་།རང་སྐྱོང་ལྗོངས་སུ་ཚོགས་ར་གཙོ་བོ་དང་ཆབ་མདོ་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས་ཡོད།ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ།གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གི་ལས་བྱེད་ལས་བཟོ་པའི་འཐུས་མིས་སྒྲོག་འགྲེལ་སྙན་ཞུར་གསན་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ཡོད་པ་རེད། སྙན་ཞུའི་ཚོགས་འདུ་ཡིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་རླབས་པོ་ཆེ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་དུ།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་།ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བསམ་གཞིག་དང་ཤུགས་རྐྱེན་ཟབ་མོ་གསལ་འགྲེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་།འཐབ་ཇུས་ལས་འགན།བྱ་ཐབས་གལ་ཆེན་བཅས་གཙོ་གནད་ཐོག་གསལ་འགྲེལ་གནང་བ་དེས། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆ་ཚང་བའི་སྒོ་ནས་ཁོང་དུ་ཆུད་པ་དང་ལས་དོན་དོན་ཐོག་ཏུ་འཁྱོལ་བར་མཛུབ་ཁྲིད་ནུས་ལྡན་མཁོ་འདོན་བྱས་ཡོད།

གྲོང་ཨུད་རྩ་འཛུགས་པུའི་རིམ་པ་བཞི་བའི་བརྟག་ཞིབ་པ་ཏེང་ཧྲའོ་ལིང་གིས“ཚང་འཛོམས་གྲོས་ཚོགས་ཐོག་མི་རིགས་བསྐྱར་དར་གྱི་འགན་ཆེན་ཁུར་ཐུབ་པའི་ལས་བྱེད་དཔུང་ཁག་གསོ་སྐྱོང་དང་ལག་ལེན་ལ་མཁས་པའི་རྩ་འཛུགས་ཀྱི་མ་ལག་ལེགས་པར་བསྐྲུན་ཏེ།དུས་རབས་གསར་པའི་རྩ་འཛུགས་ལས་དོན་སྤུས་འབོར་གོང་འཕེལ་གཏོང་བར་ཁ་ཕྱོགས་བསྟན་ཡོད། རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཇེ་བརྟན་དུ་བཏང་ནས། ཆབ་མདོའི་བྱ་གཞག་ཁག་མི་ཉམས་གོང་འཕེལ་འགྲོ་བར་རྩ་འཛུགས་ཀྱི་འགན་སྲུང་དང་ཤེས་ལྡན་པའི་མཐུན་རྐྱེན་སྦྱར་རྒྱུ་ཡིན”ཞེས་བཤད།

གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཡག་ཀྲུའུ་ཡིས“ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སྒྲོག་འགྲེལ་ལ་ཉན་རྗེས་ང་ལ་བློ་བསྐྱེད་ཆེན་པོ་རག་བྱུང་།ངས་ཞིབ་འཇུག་དང་ཇུས་འདོན་གྱི་འགན་ནུས་ལྟར།གཞུང་ལུགས་ཞིབ་འཇུག་དང་ལམ་ལུགས་བརྡར་གཅོད།སྲིད་ཇུས་འགྲེལ་བཤད་སོགས་ལ་བརྩོན་ཏེ། ཆབ་མདོའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་དངོས་ལ་གཞིགས་ནས། ཆབ་མདོའི་སྤྱོད་གཙང་སྲོལ་ལེགས་དང་ཆབ་སྲིད་ལེགས་སྐྱོང་གི་ཐད་ལ་བློ་དང་ཇུས་འདོན་རྒྱུ་ཡིན”ཞེས་བཤད།

གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་མཚོ་མོ་ཡིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ནན་ཏན་གྱིས་ཉན་རྗེས་ང་ལ་བློ་སྐྱེད་ཆེན་པོ་ཐོབ་བྱུང་།སླད་ཕྱིན་གྱི་ལས་དོན་ནང་།ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་བྱ་སྤྱོད་དུ་སྒྱུར་བ་དང་། ལས་བགོས་ལས་དོན་ལ་གཞི་ཚུགས་ཏེ་དགོངས་གཞི་ནན་ཤོས་ཀྱི་ཐོག་ནས་བདེ་འཇགས་ཁོར་སྲུང་མཐའ་ཚད་བརྟན་དུ་བཏང་སྟེ་ལྗང་མདོག་གཏེར་ལས་དང་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་རོགས་རམ་སྐུལ་འདེད་གཏོང་བ་དང་།སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་ཁེ་ལས་ཀྱི་བཟོ་པ་བཀོལ་བ་དང་སྐྱེལ་འདྲེན་དཀའ་བ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་རྒྱུར་ཤུགས་རྒྱག་པ་དང་།ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དཔལ་འབྱོར་ཆ་འཕྲིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།