国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

ཀྲང་ལི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ཁ་རུབ་ཆུས་དང་རི་བོ་ཆེ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། དགོན་སྡེའི་དོ་དམ། ཕྱོགས་བསྡུས་བཅོས་སྐྱོང་།བརྟན་ལྷིང་སྲུང་སྐྱོང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཡོད། ཁ་རུབ་ཆུས་ཚེར་དབད་ཤང་དང་།རི་དུང་ཤང་སྲིད་གཞུང་།སྐྱོ་མདའ་གྲོང་ཚོ།གྲུ་གུ་གྲོང་ཚོ་ཨུ་ལྷན་བཅས་སུ།ཀྲང་ལི་ཡིས་གཞི་རིམ་ལས་བྱེད་པ་དང་གྲོང་ཚོ་འགན་འཁུར་བློ་མཐུན།གྲོང་སྡོད་ལས་དོན་མི་སྣ་བཅས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་།ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་ཁར།སྤྱི་ཚོགས་བཅོས་སྐྱོང་དང་།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལས་ཞུགས་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ལེན་པ་དང་།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ།དྲིལ་བསྒྲགས་དང་སྒྲོག་འགྲེལ་ཡག་པོ་བཅས་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་པར་སྐུལ་སྤེལ་གཏོང་དགོས།བློ་དཀར་སློབ་གསོ་གཏིང་ཟབ་སྤེལ་དགོས་ཤིང་།“མཁར་རྫོང་ལས་གཞི”འཛུགས་སྐྲུན་ལ་ཏན་ཏིག་སྐུལ་འདེད་གཏོང་བ་དང་།ཏང་གི་འདུ་ཤེས་དང་།ཏང་ཡོན་གྱི་འདུ་ཤེས།གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་བསྐྲུན་དགོས། དྲིན་ཚོར་གྱི་སློབ་གསོ་ནན་ཏན་གྱིས་སྤེལ་དགོས་ཤིང་།མི་རིགས་ཁག་གི་མང་ཚོགས་ཀྱིས“ཁེ་ཕན་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་པ”རྟོགས་པར་ཁྲིད་སྟོན་བྱས་ཏེ།བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕན་འབྲས་མཐོ་བའི་བཅོས་སྐྱོང་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་ཤིང་།འགལ་ཟླའི་རྩོད་གཞིའི“རྩ་ཆོད་ཆེ་མོ་དང་།གྲལ་བཤེར་ཆེ་མོ། བརྟན་གནས་དང་ཚོད་འཛིན་ཆེ་མོ། འདུམ་འགྲིག་ཆེ་མོའི”ལས་དོན་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱིས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བར་ཁྲིད་སྟོན་བྱེད་དགོས། ལས་ཀའི་རྣམ་པ་གསར་གཏོད་བྱེད་དགོས་ཤིང་། གྲངས་འཛིན་གྱི་བྱ་ཐབས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་གཅིག་གྱུར་གྱི་ཆ་འཕྲིན་གྲངས་གཞི་ཅན་གྱི་གར་སྟེགས་འཛུགས་པ་དང་། རྩིས་དེབ་དོ་དམ་དང་རིག་ནུས་ཅན་ལ་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་ཏང་ཡོན་ལས་བྱེད་པས་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་པ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས་ཅེས་བསྟན།