国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

ཀྲང་ལི་ཡིས་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་11པའི་ཚེས་8ཉིན། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་27 པའི་མཚམས་སུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ཕེབས་ཏེ་འཐབ་ས་དང་པོའི་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་ཞིང་།གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

“ཚང་མ་སྐུ་ལས་ཁག་སོང་། ང་ཚོ་ཁྱོད་ཅག་ལ་འཚམས་འདྲི་བྱེད་དུ་ཡོང་བ་ཡིན། ཁྱོད་ཚོ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ”ཀྲང་ལི་བཀོད་འདོམས་བཀོད་གཏོང་ལས་སྟེགས་དང་འཁྲབ་གཏོང་ཁང་བཅས་སུ་ཕེབས་ཏེ་གསར་འགྱུར་ལས་དོན་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་ཞིང་།ལས་སྟེགས་འཁོར་སྐྱོད་དང་། དཔུང་ཁག་འཛུགས་སྐྱོང་། ཏང་འཛུགས་སྐྱོང་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་མ་ཟད།རྒྱ་ཆེའི་གསར་འགྱུར་ལས་དོན་པས་ས་མཐོར་རྐང་ཚུགས་པ་དང་།ལས་གནས་ལ་གཞི་ཚུགས་ནས། སེམས་ནུས་ཡོད་རྒུ་བཏོན་ནས་ཆབ་མདོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཆབ་མདོའི་སྐད་སྒྲ་བརྒྱུད་སྤྲོད་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲང་ལི་ཡིས་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད།གྲོང་ཁྱེར་ཡོངས་ཀྱི་གསར་འགྱུར་ལས་དོན་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ལྷག་པར་དུ་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།མར་ཁེ་སིའི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་ཏེ་ཏང་དང་མི་དམངས་ཀྱི་མགྲིན་ཚབ་པ་ཡག་པོ་ཞིག་བྱེད་དགོས་ལ། ལྟེ་བར་དམིགས་པ་དང་།ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་རྒྱུ་ཆ་སྔོག་འདོན་བྱས་ཏེ།དཀའ་སྡུག་དང་རྔུལ་ཆུའི་ཁྲོད་ནས་རྩམ་དྲི་འཐུལ་བའི་བརྩམས་ཆོས་རྩེ་གྲ་མང་པོ་བཟོས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་གོང་འཕེལ་གཏོང་ནས་ལྔ་གཏོད་ཆབ་མདོའི་སྟོབས་ཤུགས་ཆེན་པོ་ཕྱོགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན། ཀྲང་ལི་ཡིས་མཐུན་སྒྲིལ་བརྟན་ལྷིང་གི་ངར་ཤུགས་འཕེལ་བར་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་བྱེད་ཕྱོགས་ཤིག་རེད།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། བློ་དཀར་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་།“མཁར་རྫོང་ལས་གཞི”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ།དྲིལ་བསྒྲགས་ཐོན་ཁུངས་རིགས་སྤྱད་དེ་དྲིན་ཚོར་གྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དུད་ཁྱིམ་ཀུན་ལ་ཁྱབ་པར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་ཤིང་།རང་འགུལ་ངང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སློབ་སྦྱོང་ཧུར་ཐག་བྱེད་པ་དང་།སྨྱན་སྦྱོར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ།ཕྱོགས་ཡོངས་དང་།རིམ་པ་མང་བ། སྐད་སྒྲ་མང་བ་བཅས་ཀྱི་གཙོ་རྒྱུག་གི་གླེང་ཕྱོགས་གཙོ་བོ་གཏོད་དེ་གསར་འགྱུར་དྲིལ་བསྒྲགས་ཀྱི་དུས་ཚད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་།ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ།ཏང་གིས་སྨྱན་སྦྱོར་ལ་དོ་དམ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བཅས་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། དྲིལ་བསྒྲགས་ཀྱི་སྒྲིག་ཁྲིམས་བཅས་ནན་པོ་སྲུང་ནས“དམའ་རིམ་དམར་པོ”“མཐོ་རིམ་ནག་པོའི”གནད་དོན་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། དྲ་རྒྱའི་ཚུར་རྒོལ་སིམ་འཛུལ་ལ་དོགས་ཟོན་ནན་པོ་བྱེད་དགོས།གསར་འགྱུར་ལས་དོན་པའི་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཆེ་རུ་གཏོང་དགོས་ཤིང་། སྤྱི་ཚོགས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་སྟེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ།ཏང་དང་མི་དམངས་བློ་བདེ་བའི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་དཔུང་ཁག་ཅིག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།