国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཆེད་དོན་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པས་ཁྲིམས་ལྟར་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པའི་ཆུ་ཚད་སྔར་བས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད། ཟླ་11པའི་ཚེས་6ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་འཆད་ཁྲིད་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པ་གདན་དྲངས་ཏེ་བཅའ་ཁྲིམས་ཀྱི་ནང་དོན་དང་ལག་ལེན་གྱི་བླང་བྱར་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བྱས་ཡོད་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཆིས་དབྱིང་ཧའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སྤེལ་དགོས་ཤིང་། གཞི་རིམ་དུ་བསྐྱོད་དེ་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྒྱུད་སྤེལ་བྱ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་གནས་འགན་འཁྲིར་གཞི་ཚུགས་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་དེ་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིས་འགན་འཁྲི་སྒྲུབ་པའི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱས་ཏེ་ཁྲིམས་ལྟར་མི་རིགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་སྟོན་མཁན་ཞིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་དཔེ་སྟོན་དང་སྐུལ་ཁྲིད་བྱས་ནས་ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་མུ་མཐུད་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།