国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

རང་རེའི་གྲོང་ཁྱེར་གྱི་ཚན་པ་མང་པོས་དགུན་དུས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི“བདེ་འཇགས་མཁར་རྫོང”བརྟན་དུ་བཏང་བ།

དངོས་སྦྱོང་བྱ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དགུན་ཁ་ཚེས་པ་དང་ཁ་བ་འབབ་པའི་གནམ་གཤིས་ཇེ་སྡུག་ཏུ་སོང་བའི་དབང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་ཐོན་སྐྱེད་ཀྱི་བདེ་འཇགས་འགན་སྲུང་བྱ་ཕྱིར། ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་གནམ་གཤིས་ལས་ཁུངས་དང་། གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་སོགས་སྡེ་ཚན་དག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་དགུན་དུས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི“བྱ་བ་སྒྲུབ་འགོ”ཚུགས་པ་རེད།

བྱ་བ་ཅི་ཡིན་ཡང་སྔ་ན་དགའ་ཟེར་བ་ལྟར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགག་རྩ་ཡང་སྔ་དགོས་པས། ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་བརྡར་ཤ་གཅོད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྒྱུན་གཏན་གྱི་གནམ་གཤིས་སྔོན་བརྡ་གཏོང་རིང་གནམ་གཤིས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཤིང་བདེ་འཇགས་དོགས་ཟོན་གྱི་དྲན་སྐུལ་ཞིབ་ཚགས་སུ་བཏང་བ་དང་། “1263”གྱི་སྔོན་བརྡ་ཞབས་ཞུའི་ལམ་སྲོལ་དོན་འཁྱོལ་ནན་པོར་བྱས་ཡོད། ལས་རེས་མི་སྣས་ཆུ་ཚོད24ལ་ལས་རེས་བྱས་ནས་གངས་ཆར་འབབ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ལྟ་ཞིབ་ཚད་ལེན་བྱེད་ཚད་ཟམ་མི་ཆད་པར་མང་དུ་བཏང་ཡོད་པ་རེད། ཉེན་བརྡ“གཏོང་དགོས་ངེས”ཀྱི་བཀག་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་སྤྱི་དམངས་ལ་དྲན་སྐུལ་ཆ་འཕྲིན་བསྐུར་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཉེན་བརྡ་གཏོང་བ། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མཁར་རྫོང་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།