国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

རང་རེའི་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་4ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་དང་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱས་ཤིང་། སྡེ་ཚན་གྱི་འགན་ནུས་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་བྱ་ཐབས་ཇུས་འགོད་དང་སློབ་སྦྱོང་། བསམ་གཞིགས། བེད་སྤྱོད་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱ་སྤྱོད་ལ་འགྱུར་བ་བྱས་པ་རེད།

གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཙུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཐེབས་རྩར་ལྟ་སྐུལ་དོ་དམ་དང་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་གཙོ་གནད་ལས་དོན་ཁག་ནང་དོན་འཁྱོལ་གང་ལེགས་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ཀྱི་མཐའ་མའི་གདོང་མཆོང་དང་། རྒྱུན་གཏན་གྱི་ལས་སྒོ བདེ་འཇགས་བརྟན་ལྷིང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ཆབ་མདོའི་སྨན་བཅོས་འགན་བཅོལ་བྱ་གཞག་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཞིབ་ཕྲའི་བྱ་སྤྱོད་ལ་དངོས་སུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་དུས་མཉམ་དུ་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཆུ་བེད་ཀྱི་གཙོ་གནད་ལས་དོན་ཁག་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆུ་བེད་ཀྱི་འཐབ་ས་དང་པོར་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱེད་ནས་ཆུ་བེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བའི་ཕན་འབྲས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པའི་རེ་བ་བཏོན་པ་རེད།