国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

རང་རེའི་གྲོང་ཁྱེར་གྱི་ཚན་པ་མང་པོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་རེའི་གྲོང་ཁྱེར་གྱི་ཚན་པ་མང་པོས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་བྱས་ཤིང་། སློབ་སྦྱོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱར་དམིགས་ཏེ་ཟབ་སྦྱོང་མཐིལ་རྟོགས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་པ་རེད།

གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་མཉམ་དུ་སློབ་སྦྱོང་བྱས་ཤིང་། མ་བུ་བདེ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། སྨན་དོན་མི་སྣ་ཡོངས་ལ་ས་མཐོའི་མ་བུ་བདེ་ཐང་ལས་ཀའི་དོན་དངོས་ལ་གཞི་ཚུགས་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་ལས་ཐོབ་པའི་སྤྲོ་སྣང་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་འགྱུར་བ་བཅས་བྱས་ནས་མ་བུ་བདེ་སྲུང་གི་ཞབས་ཞུ་ཁག་སེམས་ནུས་ཡོད་རྒུས་དོན་འཁྱོལ་བྱས་པ་རེད།

གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་རྒྱུན་གླེང་ཕྱོགས་ཀྱི་འཐབ་སའི་འགན་ནུས་ལ་གཞི་ཚུགས་པ་དང་དྲིལ་བསྒྲགས་འཆད་འགྲེལ་དང་གླེང་ཕྱོགས་ཁྲིད་སྟོན་ལ་དམིགས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་། སྨྱན་སྦྱོར་གྱི་ལས་སྟེགས་ཡག་པོ་སྤྱད་པ། མང་ཚོགས་ཀྱིས་གོ་བདེ་ཞིང་འདྲིས་ཆེ་བའི་སྐད་ཆའི་ཐོག་ནས་ཆབ་མདོའི་གཏམ་རྒྱུད་ཡག་པོ་བརྗོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུད་ཁྱིམ་ཀུན་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་དང་། དྲིལ་བསྒྲགས་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།