国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

ཀྲང་ལི་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གསུང་བཤད་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད།འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་བཞེད་དགོངས་ཟབ་པ།བརྗོད་དོན་ཕྱུག་པས་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།འཐབ་ཇུས་རང་བཞིན།མཛུབ་སྟོན་རང་བཞིན་བཅས་ཆེས་ཆེར་ལྡན་ཡོད།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞིའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། རང་རེའི་ཏང་གི་གསོན་ཤུགས་ནུབ་པ་མེད་ཅིང་ལམ་ཁ་གསར་པར་བགྲོད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ཀྱི་འོས་འགན་ཞིག་ཏུ་བརྩིས་ནས། རང་རྟོགས་ཀྱིས་བསམ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཐོག“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། གང་མགྱོགས་ངང་སློབ་སྦྱོང་དང་ལག་བསྟར་གྱི་ལས་ལ་བྲེལ་དགོས་ཤིང་།སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ། ཞིབ་འཇུག་མཆན་འགྲེལ། ལག་བསྟར་དོན་འཁྱོལ་སོགས་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆབ་མདོར་ཆད་ལྷག་མེད་པར་དོན་ཐོག་གནད་སྨིན་ཡོང་བའི་འགན་ལེན་བྱ་དགོས་ཅེས་བསྟན།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་རྗེས། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་འཕྲལ་མ་ཉིད་དུ་ཆབ་མདོར་ཕེབས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་གཞི་རིམ་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་སྟོན་གནང་བ་དེའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར། ཐུགས་རེ་ཆེན་པོར་བཅོལ་བ་མཚོན་ཐུབ་པས། སློབ་སྦྱོང་ཉམས་ལེན་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ།རང་སྐྱོང་ཏང་ཨུད་ཀྱི་ཐུགས་ཁུར་བྱམས་བརྩེ“ལྔ་གཏོད་ཆབ་མདོ”འཛུགས་སྐྲུན་གྱི་གྲུབ་འབྲས་རྣལ་མར་བསྒྱུར་དགོས། རང་འགུལ་གྱིས་དུས་བདེ་ཞོད་འཇགས་གཏོད་དེ། ནུས་ཤུགས་གཙོ་བོ་བརྟན་ལྷིང་གི་ཕྱོགས་ལ་བཏང་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་ཕན་ལྡན་ཞིག་འཛུགས་དགོས། སྤུས་དག་གོང་འཕེལ་ལ་ཤུགས་ཆེར་བརྒྱབ་ནས། ཐོན་ཁུངས་གསར་སྤེལ་མཉམ་སྐྲུན་མཉམ་སྤྱོད་མཉམ་དར་བཅས་ཀྱི་ལམ་སྲོལ་བཙུགས་ཏེ། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་གིས་ཏང་ཡོན་ལས་བྱེད་པའི“གཅིག་ཁ་གཅིག་གཏད”འགན་ལེན་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་འཐུས་ཚང་དུ་འཛུགས་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། གཙང་གསུམ་ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་དང་མཐུན་སྦྱོར་གོང་འཕེལ་ལ་གཅིག་གྱུར་སྐུལ་སྤེལ་བཏང་སྟེ། ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས། སྐྱེ་ཁམས་ལེགས་གཏོང་བཅས་གཅིག་ལ་གཅིག་རྟེན་དུ་ཡོང་བར་བྱ་དགོས། བདེ་འཇགས་ཐོན་སྐྱེད་དམ་དུ་འཛིན་ནས་གནོད་འགོག་གེགས་སེལ་དང་འགྲིམ་འགྲུལ་བདེ་འཇགས།ནགས་ཚལ་མེ་ཟོན།ཨར་ལས་བདེ་འཇགས་སོགས་གཙོ་གནད་ལས་དོན་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བསྲུང་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། སྤྱོད་གཙང་སྲོལ་ལེགས་ཀྱི་ཆབ་སྲིད་སྣང་ཚུལ་ཇེ་བརྟན་དུ་གཏོང་དགོས་ཅེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་རྒྱུན་ཚུགས་སུ་རྒྱ་ཆེར་སྤེལ་བའི་ལས་དོན་ཐད་བཀོད་སྒྲིག་བྱས་པ་དང་།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་ནི་ཡུན་རིང་གི་འོས་འགན་དང་ཚེ་གཅིག་གི་བརྗོད་གཞི་ཡིན་པས།སློབ་སྦྱོང་གི་ཐད་ནས་ཇེ་ཞིབ་ཇེ་རྒྱས་སུ་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་རྩ་དོན་གྱི་འདུ་ཤེས་བརྟན་གཏོང་དང་ཏང་གཤིས་ཀྱི་གོ་རྟོགས་ཆེར་སྐྱེད་ཡོང་བར་ཁྲིད་སྟོན་བྱ་དགོས་པ་དང་། བཅོས་སྒྲིག་གི་ཐད་ནས་ཤུགས་བརྒྱབ་སྟེ། སྐོར་གཟིགས་སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ། བསྡོམས་རྩིས་ལྟ་སྐུལ་སོགས་ལྟ་སྐུལ་གྱི་རིགས་སྣ་ཚོགས་གཅིག་གྱུར་དམ་དུ་འཛིན་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱ་དགོས། ལྟ་སྐུལ་ཐད་ནས་ཤུགས་འཆག་མེད་བཏོན་ཏེ།དཔྱད་ཞིབ་གདེང་འཇོག་མ་ལག་ལེགས་སུ་བཏང་ནས། ལས་བྱེད་པ་རྣམས་ལ་འཁུར་སེམས་ཆེར་སྐྱེད་ཀྱིས་ལས་སྒྲུབ་ལས་གཏོད་བྱེད་པར་ལྐུལ་ལྕག་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་གནང་བ་རེད།