国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月10日

ཀྲང་ལི་ཡིས་དཔའ་ཤོད་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བཅས་བརྟག་ཞིབ་གནང་བ།

ཀྲང་ལི་ཡིས་པད་མ་གྲོང་རྡལ་ས་དམར་གྲོང་ཚོའི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས2ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་དཔའ་ཤོད་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད།ས་གནས་ས་ཐོག་ཏུ་སྤྱི་ཚོགས་བརྟན་ལྷིང་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་ཏང་འཛུགས་སྐྱོང་། དགོན་སྡེའི་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཡོད།

དཀྱིལ་དག་ཤང་དུ། ཀྲང་ལི་ཡིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དབར་སྤེལ་རེས་གཏིང་ཟབ་ཐོག་ནས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ལ་ལྷག་བསམ་དགོས་པའི་སློབ་གསོ་ཆེར་གཏོང་དང་།ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ལ་བརྟེན་ནས་བློ་བསྒྲིལ་སེམས་སྐྱེད་ཀྱིས་རིམ་ཁག་ཏང་རྩ་འཛུགས་སྔར་བས་སྟོབས་ཆེ་ལ་སྔར་བས་འཐབ་ནུས་ལྡན་པ་ཞིག་ཏུ་སྐྲུན་དགོས།བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་ནས་རང་འགུལ་གྱིས་བརྟན་ལྷིང་ཞོད་འཇགས་གཏོད་པ་དང་།དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ།འགལ་ཟླ་རྩོད་གཞིར་རབ་ཏུ་བཤེར་བ་དང་རྣམ་པར་ཚོད་འཛིན་པ། རབ་ཏུ་སེལ་བ”བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཉེན་ཁའི་རྐྱེན་ངན་གཞི་རིམ་ནས་སེལ་བ་དང་ཐོན་མ་ཐག་ནས་འབུར་འཇོམས་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་ཐོག་རྒྱ་སྐྱེད་གཏོང་བ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་ལ་དེ་བས་དྲང་གཞག་གི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་བདེ་འཐོབ་པར་སྐུལ་འདེད་གཏོང་དགོས།

པད་མ་གྲོང་རྡལ་ས་དམར་གྲོང་ཚོའི་དཔལ་འབྱོར་ཤིང་ནགས་ནི་མང་ཚོགས་རྣམས་ཐག་ཉེ་ས་ནས་ལས་ཞུགས་ལ་ཕན་པའི་ཁྱད་ལྡན་ཐོན་ལས་གཙོ་བོ་ཞིག་ཡིན་ལ། ལེ་ལག་ཚང་བའི་དབྱེ་གསེད་མཛོད་ཁང་གི་མཐུན་རྐྱེན་ཀྱང་འཛོམས་ཡོད། ཀྲང་ལི་འདེབས་འཛུགས་རྟེན་གཞིར་ཕེབས་ནས་འབྲས་ཤིང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འདེབས་འཛུགས་ཀྱི་གཞི་ཁྱོན་དང་ཞིང་ཁ་བདག་སྐྱོང་། ཤིང་འབྲས་འདེབས་གསོ། ཐུམ་སྒྲིལ་ཉར་འདྲེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

གནས་རབ་དགོན་དུ། ཀྲང་ལི་ཡིས་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་དབར་བྱམས་བརྩེ་ཆེན་པོས་གསུང་གླེང་གནང་ནས། དགོན་སྡེར་དོ་དམ་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། དགོན་སྡེའི་དོ་དམ་ཨུ་ལྷན་ཚད་ལྡན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ་བཅས་བྱས་ཏེ། ཆོས་ལུགས་ལམ་ལྷོངས་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་ཐོག་གོང་འཕེལ་གཏོང་དགོས་ཤིང་། བློ་རྩེ་གཅིག་སྒྲིམ་གྱིས་སྒོམ་སྒྲུབ་ཉམས་ལེན་ཐོག་ནས་དྲིན་ཤེས་ཀྱི་སློབ་གསོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ལ། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་དང་རྐྱེན་ངན་སྣ་ཚོགས་ལ་རྒྱུན་པར་ཞིབ་བཤེར་བྱས་ནས། དགོན་སྡེའི་མེ་ཟོན་བདེ་འཇགས་དང་རིག་དངོས་བདེ་འཇགས་ལ་འགན་ལེན་བྱེད་དགོས།