འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས2ཉིན་གྱི་སྔ་དྲོར། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོ”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝུའུ་ཅན་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྒྱ་ཆེའི་ལོ་ཆུང་གཞོན་ནུ་ཚོས་ཤེས་རྒྱ་དང་མཐོང་རྒྱ་བསྐྱེད་དེ། གོ་ཆོད་བེད་ཡོད་ཀྱི་འཇོན་ཐང་ཡག་པོ་ལྡན་པ་དང་སློབ་སྦྱོང་གི་དཀའ་ངལ་ལས་མི་གཡོལ་བ་དང་འཚོ་བའི་དཀའ་ངལ་ལ་དཔའ་ཞུམ་མི་ཉན་ཞིང་། རྒྱ་ཆེའི་ལོ་ཆུང་གཞོན་ནུ་ཚོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཚན་བཏུས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པའི་ཁར།《2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོ”ཞེས་པའི་བརྡ་ཁྱབ》སྒྲོག་སྦྱངས་དང་། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོ”དག་ལ་དྲན་རྟེན་ལག་ཁྱེར་སྤྲད་པ། སློབ་མ་གསུམ་དང་ཁྱིམ་བདག་གི་འཐུས་མི་གཅིག་གིས་གཏམ་བཤད་སྤེལ་བ་རེད།

