འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་30ཉིན་གྱི་སྔ་དྲོར། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོགས་ནས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་དྲིལ་བསྒྲགས་དང་གྲོན་དངུལ་བསྡུ་འཇལ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་སྐུལ་སློང་བྱས་ཏེ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་བ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2026ལོར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་ཚད་99.47%ཟིན་པ་དང་། ལོ་ཧྲིལ་པོར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་མི་ཐེངས་ཁྲི་110དང་8700ལ་འགྲོ་སོང་རྩིས་ཞུ་བྱས་པ། ནད་ཆེན་འགན་བཅོལ་གྱིས་མི་ཐེངས་ཁྲི་1དང་7100ལ་གུན་གསབ་སྤྲད་པ། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་18དང་8600ལ་སྨན་བཅོས་རོགས་སྐྱོབ་བྱས་པ་རེད།

