国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月06日

འཇོ་མདའ་རྫོང་མི་དམངས་སྨན་ཁང་ཟུངས་ཁྲག་བསིང་བཅོས་ལྟེ་གནས་ཀྱིས་མཁལ་མ་བཀྲུ་དགོས་པའི་ནད་པ་ཐོག་མ་དེ་གསོ་བཅོས་ལམ་ལྷོངས་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས30ཉིན། འཇོ་མདའ་རྫོང་མི་དམངས་སྨན་ཁང་ཟུངས་ཁྲག་བསིང་བཅོས་ལྟེ་གནས་ཀྱིས་མཁལ་མ་བཀྲུ་དགོས་པའི་ནད་པ་ཐོག་མ་དེ་གསོ་བཅོས་ལམ་ལྷོངས་བྱུང་བ་དེའི་ཐོག་ནས་འཇོ་མདའ་རྫོང་ཟུངས་ཁྲག་བསིང་བཅོས་ཆེད་ཚན་གྱི་ཞབས་ཞུའི་ཐད་སྔར་ན་མེད་པའི་ཐོད་བརྒལ་བྱུང་བ་མཚོན་ཞིང་། རང་ཡུལ་དང་ཉེ་འཁོར་གྱི་མཁལ་མའི་ནད་པ་རྣམས་ད་ནས་གཞན་ཡུལ་དུ་འགྲོ་མི་དགོས་པར་རང་ཡུལ་ནས་མཁལ་མ་བཀྲུ་ཐུབ་པར་གྱུར་ཡོད།

ཉིན་དེར། འཇོ་མདའ་རྫོང་མི་དམངས་སྨན་ཁང་ཟུངས་ཁྲག་བསིང་བཅོས་ལྟེ་གནས་སུ་མཁལ་མ་བཀྲུ་དགོས་པའི་ནད་པ་ཐོག་མ་དེ་འབྱོར་ཡོད། ལྟེ་གནས་འདི་ལ་མཁལ་མ་བཀྲུ་བྱེད་ཀྱི་འཕྲུལ་ཆས་དང་ཆེད་ལས་ཀྱི་སྨན་པ་གོ་སྒྲིག་བྱས་ཡོད་པ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཆེད་མཁས་པ་གདན་འདྲེན་ཞུས་ནས་སྨན་ཁང་དུ་མཛུབ་ཁྲིད་གནང་ནས་མཁལ་མ་བཀྲུ་བའི་སྨན་བཅོས་བདེ་འཇགས་ཡོང་བར་འགན་ལེན་བྱས་པ་རེད། ནད་པ་ཐོག་མ་དེ་གསོ་བཅོས་ལམ་ལྷོངས་བྱུང་བས་འཇོ་མདའ་རྫོང་གི་ཟུངས་ཁྲག་བསིང་བཅོས་ཆེད་ཚན་གྱི་ཞབས་ཞུའི་སྟོང་ཆ་བསྐངས་ཤིང་། ནད་པ་རྣམས་ཡུན་རིང་གཞན་ཡུལ་དུ་སྨན་བཅོས་འགྲོ་བའི་ཁུར་པོ་ཇེ་ཡང་དུ་བཏང་བ་སོགས་ལས་རྫོང་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཡོད།