国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月06日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱས་འཛོམས)ཚོགས་འདུ་འཚོགས་ནས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ལ་ས་ཡོམ་རིམ་པ7.0བྱུང་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གིས་གནང་བའི་བཀའ་མཆན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། “གལ་གསུམ་ཆེ་གཅིག”གི་དོན་ཚན་ལ་གྲོས་ཞིབ་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཟླ10ཚེས22ཉིན་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བྱུང་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་བཀོད་སྒྲིག་གནང་ཞིང་། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཉིན་མཚན་བསྟུད་མར་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་བཀོད་འདོམས་གནང་བ་སོགས་ལས་ང་ཚོས་མིག་སྔའི་གནོད་འགོག་གེགས་སེལ་གྱི་ལས་དོན་དམ་དུ་འཛིན་པར་མིག་དཔེ་བསྟན་ཡོད་པས། ང་ཚོས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་མིག་སྔའི་ལས་འགན་གཙོ་བོར་བརྩི་དགོས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཁྱོངས་ཀྱིས“གཙང་གསུམ་ཆུ་རྒྱུད་སྤུས་དག་གོང་འཕེལ་དང་བཅོས་སྐྱོང་མཉམ་སྒྲུབ། གྲོག་རོང་ལྟ་བུར་ཆགས་པའི་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་འགོག་ཟོན་དང་བཅོས་སྐྱོང་བྱ་ཐབས”སོགས་ལ་ཞིབ་འཇུག་གཏིང་ཟབ་སྒོས་གྲ་སྒྲིག་ཨང་གསར་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རྫོང་ཁག་ལ་ཁང་པ་དང་སློབ་གྲྭ སྨན་ཁང་། འགྲོ་ལམ། ཟམ་པ་བཅས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཞིབ་བཤེར་བྱེད་ལུགས་མཛུབ་ཁྲིད་གནང་ནས་ས་གཤིས་གནོད་འཚེ་འགོག་ཟོན་ལེགས་པར་བྱ་དགོས། ས་ཡོམ་གྱི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་དངོས་ཟོག་འདང་ངེས་སུ་གྲ་སྒྲིག་བྱེད་པ། ཡོམ་འགོག་གེགས་སེལ་གྱི་དྲིལ་བསྒྲགས་དང་ཉེན་གཡོལ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནམ་ཞིག་ཉེན་ཁའི་གནས་ཚུལ་ཐོན་ཚེ་མགྱོགས་མྱུར་ཟློག་སེལ་དང་ཐག་གཅོད་ཡང་དག རོགས་སྐྱོབ་ནུས་ལྡན་བཅས་ཐུབ་པའི་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་རེའི་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་བ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། རིམ་པ་སྡེ་ཚན་ཁག་གིས་རེ་རེ་བཞིན་བལྟས་ཏེ་དོན་ཐོག་གནད་སྨིན་ཡོང་བའི་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།