国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月03日

ཀྲང་ལི་ཡིས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཡིག་ཆ་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། 2026ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་གི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྙན་སེང་ལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

ཚོགས་འདུ་ཡིས་ད་ལོའི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར།“དོན་ཆེན་བཞིར”དམ་པོར་དམིགས་པ་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མི་ཆད་པར་སྐུལ་འདེད་བཅས་བཏང་བས་དུས་ཚིགས་སྔོན་མ་གསུམ་གྱི་རིང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་དོ་མཉམ་ལ་བརྟན་ཐོག་ལེགས་སྒྱུར་བྱུང་ཡོད་ཅེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རང་འགུལ་ངང“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་འགྲེང་སྟེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་ནན་ཏན་བྱེད་དགོས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ལས་སྒྲོལ་བ་དང་། ཉེན་ཁར་འཐབ་པ། འགྲན་རྩོད་བསུ་བ་བཅས་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས་ཤིང་། ཆབ་མདོའི་ཐོན་ཁུངས་ཀྱི་རང་སྤུས་དང་སྲིད་ཇུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མ་འཇོག་གི་གྲུབ་ཆ་རྒྱུན་མི་ཆད་པར་ལེགས་སུ་གཏོང་བ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས་ཤིང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་བརྟན་ལྷིང་གི་ལས་དོན་ནན་ཏན་གྱིས་བསྒྲུབ་པ་དང་བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོར་སྲུང་ནས“མི་ཐོན་པ་ལྔ”འགན་ལེན་བྱས་ཏེ། ལོ་ཧྲིལ་བོའི་ལས་ཀར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ལོ་འཁོར་གྱི་དམིགས་ཚད་འགག་སྒྲོལ་བྱེད་དགོས་ཤིང་། རྣམ་གྲངས་དམ་འཛིན་དང་། མ་འཇོག་ཆེར་གཏོང་། ཚོང་འགུགས་དམ་འཛིན། ཐོན་ལས་དར་རྒྱས། འཛད་སྤྱོད་དམ་འཛིན། ཁྲོམ་ར་རྒྱ་སྐྱེད། དམངས་འཚོར་དམ་འཛིན། བདེ་རྩ་ཆེར་གཏོང་བཅས་བྱས་ཏེ། ལོ་ཧྲིལ་བོའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་གྲུབ་བྱེད་དགོས། སང་ལོའི་ལས་དོན་འཆར་འགོད་བྱེད་དགོས་ཤིང་། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གཏན་འབེབས་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཞིབ་ཐོ་སྒྲིག་པ་དང་དུས་བཀག་བཟོ་བ། ཧུར་ཐག་མཐུད་སྦྱོར་བཅས་བྱས་ཏེ། རྣམ་གྲངས་ཀྱི་དུས་འགོ་ཏན་ཏིག་བཟོ་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སྟོབས་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་སང་ལོའི་འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་བར་ཁག་ཐེག་བྱེད་དགོས་ཅེས་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་དགོས་ཤིང་། མང་ཙམ་སྒྲུབ་པ་དང་། མང་ཙམ་སྦྱོང་བ། མང་ཙམ་བསམ་བློ་གཏོང་བ། མང་ཙམ་སྦྱོང་བརྡར་བྱས་ཏེ། དཔལ་འབྱོར་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཧུར་ཐག་གིས་ལས་དོན་ལ་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་བླང་བྱ་བཏོན་ཡོད།