国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月03日

ཀྲང་ལི་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལས་དོན་སྙན་སེང་ལ་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།

ཚོགས་འདུ་མ་འཚོག་གོང་། ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཁྲོད་དུ་རྐྱེན་ལམ་ལ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པ་དང་། དེར་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་ང་ཚོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། བླང་བྱ་ཡང་ཁ་གསལ་བཏོན་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གེགས་ཁུལ་མི་དམངས་ལ་ཐུགས་ཁུར་གང་ལེགས་གནང་ལུགས་མཚོན་གྱི་ཡོད་ལ། ང་ཚོས་ཡོམ་འགོག་གེགས་སེལ་དང་འཕྲལ་བསྟུན་རོགས་སྐྱོབ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་ཁྲིད་སྟོན་མཁོ་འདོན་དང་ངེས་པར་དུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་གིས་མཐོ་རུ་གཏོང་དགོས་ཤིང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་མདུན་སྐྱོད་ཀྱིས་དངོས་འཛིན་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་བཅངས་པའི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཟབ་སྦྱོང་མཐིལ་རྟོགས་ཁྲོད་ནས་དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པར་བྱེད་པ་དང་། འབྲེལ་ཆོས་དང་ཤུགས་རྒྱག་ས་ཡང་དག་འཚོལ་ཞིབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ཆབ་མདོར་རྩ་བ་ཚུགས་པ་དང་སྔ་མོར་ཕན་འབྲས་མཐོང་བར་སྐུལ་སྤེལ་གཏོང་དགོས། “རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་དམ་འཛིན་གང་ལེགས་བྱེད་དགོས་ཤིང་། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས“མཛེས་སྡུག་ཆབ་མདོ”རྒྱུན་ཆད་མེད་པར་འོད་མདངས་འཚེར་བར་བྱེད་དགོས། ས་བབ་དང་བསྟུན་ཏེ་བོད་སྐྱོར་ལས་དོན་གཏིང་ཟབ་གཏོང་དགོས་ཤིང་། ཆབ་མདོ་ཡིས་ག་སྦྱར་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་། ཕྱོགས་གཉིས་ཀྱིས་མཐུན་རྐྱེན་སྦྱོར་བ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ཏེ། བོད་སྐྱོར་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས་ཤིང་། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་གཉེར་ཏེ་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། ལྗང་མདོག་ཕྱོགས་བསྒྱུར་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་སྤེལ་གཏོང་དགོས་ཤིང་། བོད་ཤར་གྱི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ཏེ་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་། སྐྱེ་ཁམས་བཅོས་སྐྱོང་མཐོར་འདེགས། ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་སྤྱི་འདོམས་བྱས་ཏེ། ལྗང་མདོག་གློག་ཤུགས་ཕ་ས་ཧུར་ཐག་གཏོད་དེ་ཐོན་ལས་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་། སྐྱེ་ཁམས་མཐོར་འདེགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ་རེད། ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་ཡུན་རིང་གི་རང་བཞིན་དང་། རྙོག་དྲའི་རང་བཞིན། རྣོན་ངར་གྱི་རང་བཞིན་བཅས་ཀྱི་ལྡན་པས་ངེས་པར་དུ་རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།