国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月03日

རང་རེའི་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས29ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་རྗེས། རང་རེའི་གྲོང་ཁྱེར་གྱི་ལས་ཁུངས་ཁག་གིས་འཕྲལ་མ་ཉིད་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

ཟླ10པའི་ཚེས30ཉིན། ལས་ཁུངས་མང་པོས་ཆེད་དོན་ཚོགས་འདུ་འཚོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་དང་འབྲེལ་ཡོད་ཀྱི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་བྱས་ཡོད་པ་རེད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རྒྱང་ལམ་གསར་པའི་ཧ་ཅང་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་ནན་པོར་སྐྱོང་བའི་ཐད་བཀོད་སྒྲིག་འཐུས་ཚང་གནང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་ངོས་འཛིན་བྱས་ཡོད།

ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་འགངས་ཆེན་དུ་བརྩིས་ནས། ཐོས་བསམ་སྤྱོད་གསུམ་གྱི་སྒོ་ནས་སྦྱངས་པ་ལག་ལེན་དུ་འཁྱོལ་དགོས་པ་དང་། སོ་སོའི་ལས་གནས་དང་བསྟུན་ནས་རྩ་བའི་དགོངས་གཞི་འཕྱུགས་པ་མེད་པའི་ཐོག་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ། སྦྱངས་སྟོབས་ཀྱི་འབྲས་བུ་དཀའ་ངལ་ཁྱད་བསད་དང་ལས་སྒྲུབ་ལས་གཏོད་ཀྱི་ལག་ལེན་ལ་བསྒྱུར་ནས། ཕྱོགས་ཡོངས་ཏང་ནན་སྐྱོང་གི་གྲུབ་འབྲས་གསར་པས་གྲོང་ཁྱེར་ཡོངས་ཀྱི་སྤུས་དག་གོང་འཕེལ་ལ་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།