ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག“རིག་གནས་ཆབ་མདོ་འབད་པས་སྐྱོང་དགོས་ན། བློ་བརྟན་འགྱུར་མེད་ཀྱིས་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐད་ནས་འཁུར་སེམས་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས་པའི”བཀོད་སྒྲིག་ཁ་གསལ་གནང་ཡོད། བཀོད་སྒྲིག་ཀྱང་དོན་འཁྱོལ་ལ་རག་ལས་པས་རིག་གནས་ཆབ་མདོ་སྐྱོང་བར་ང་ཚོས་བློ་གྲོས་དང་ནུས་པ་གཅིག་ཏུ་བསྡུས་ནས་ཤུགས་མཉམ་དུ་རྒྱག་དགོས།
རིག་གནས་ཆབ་མདོ་སྐྱོང་བར་ཏང་གི་གསར་གཏོད་རིག་པས་དྲག་ཆས་ལེགས་པར་སྤྲས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་བསྒྲིལ་སེམས་སྐྱེད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་འཛིན་ཞིང་། ཏང་གི་གསར་གཏོད་རིག་པ་ཁྱབ་སྤེལ་གྱི་མཛད་ཆེན་ལེགས་པར་བསྒྲུབ་དགོས་པ་དང་། གཙོ་རྒྱུག་སྨྱན་སྦྱོར་ལ་མ་ལག་རང་བཞིན་གྱི་བཅོས་བསྒྱུར་ཟབ་ཏུ་སྤེལ་ནས། གཙོ་རྒྱུག་སྨྱན་སྦྱོར་གྲངས་རིག་ཅན་གྱི་ལུགས་ལ་སྒྱུར་སྟབས་མགྱོགས་སུ་བཏང་ནས། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་ཇེ་བརྟན་ཇེ་རྒྱས་སུ་གཏོང་དགོས།
རིག་གནས་ཆབ་མདོ་སྐྱོང་བར་སྤྱི་ཚོགས་ཀྱི་ཤེས་དཔལ་སྲོལ་ལུགས་རྒྱ་ཆེར་སྤེལ་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་རྒྱུན་མཐུད་སྐྱེད་སྲིང་དང་ལག་ལེན་བསྟར་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ནི་ནང་སེམས་ལ་བསྒོས་ཤིང་ཕྱི་ལུས་ངག་ཏུ་སྦྱོར་དགོས་ཤིང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་སྲོག་རྩ་བསྲུང་དགོས་ལ། དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་མཛད་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཞིང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་ཤིང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)འཛུགས་གཉེར་སྤྱོད་གསུམ་གྱི་ཆུ་ཚད་གོང་མཐོར་གཏོང་བ་དང་། གོམས་སྲོལ་ལེགས་སྒྱུར་ལ་སྐུལ་སྤེལ་གྱིས་ཤེས་དཔལ་སྲོལ་གསར་གྱི་སྦྲང་ཆར་སིལ་མ་གཙང་གསུམ་ས་གཞིར་འཇོ་དགོས།
རིག་གནས་ཆབ་མདོ་སྐྱོང་བར་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ནས། ཆབ་མདོ་སྤུས་དག་གོང་འཕེལ་འགྲོ་བའི་རིག་གནས་ཀྱི་གཞི་རྩ་བརྟན་པར་བྱ་དགོས་ལ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་གྱི་མཛད་ཆེན་ཤུགས་ཆེར་བསྒྲུབས་ནས། རང་སྐྱོང་ལྗོངས་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་འཛུགས་སྐྲུན་གང་ཐུབ་བྱ་དགོས་ཤིང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་ནས། སྤྱིར་བོད་ཀྱི་ཁྱད་ཆོས་ལྡན་ལ་བྱེ་བྲག་ཆབ་མདོའི་ཁྱད་ཆོས་ཡོད་པའི་རིག་རྩལ་གྱི་བརྩམས་ཆོས་སྤུས་ལེགས་སྐོར་ཞིག་གསར་རྩོམ་བྱ་དགོས་པ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་སྒོས་འཕེལ་རྒྱས་བཏང་ནས། ཚད་གཞི་མཐོ་བའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་དང་ཡུལ་སྐོར་འགྲོ་ལམ་སྤུས་ལེགས་སྐོར་ཞིག་གཏོད་དེ། རིག་གནས་ཀྱི་མིང་གྲགས་དཔལ་འབྱོར་གོང་འཕེལ་གྱི་རྐྱེན་དུ་བསྒྱུར་དགོས།

