国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月30日

“མིས་ཕྲག་ཐོག་འཁུར་བ”ནས“རིག་ལྡན་ལྗང་གཏེར་”བར་གྱི་འགྱུར་ལྡོག

1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུས་འགོར། ཆབ་མདོའི་གཏེར་ཁ་མང་ཆེ་བ་ནི་དུས་ཚིགས་རང་བཞིན་གྱི་གཞི་ཁྱོན་ཆུང་བའི་ངང་སྔོག་འདོན་བྱས་དགོས་པ་དང་། རྟ་དྲེལ་ལ་སོགས་ལ་བརྟེན་ཏེ་དབོར་འདྲེན་བྱེད་དགོས་ཀྱི་ཡོད། ལོ་75ཡི་རྗེས་ཀྱི་ད་ཆར་མི་མེད་གཏེར་འཁོར་གྱིས་ས་བབ་མཐོ་ཚད་སྨི་5000ཟིན་པའི་ས་ནས་དབོར་འདྲེན་བྱས་ཏེ། རྡོ་ཐལ་བྲག་རྡོའི་གྲམ་ཐང་དེ“མེ་ཏོག་ལྡུམ་རའི་བཟོ་གྲྭར”ལྟ་བུ་གྱུར་ཡོད་ལ། རིག་ནུས་ཅན་དང་ལྗང་མདོག་ཅན་དེ་བོད་ཤར་གྱི་བཟོ་ལས་ཀྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་ཆག་ཡོད་པ་རེད།

2026ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བ་དང་དུས་མཚུངས་སུ། ཆབ་མདོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་ལོ་དང་ཏག་ཏག་འཁེལ་བས། གྲོང་ཁྱེར་ཡོངས་ཀྱིས་ལྗང་མདོག་གཏེར་ལས་དེ་སྤྱི་ཡོངས་ལས་དོན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས། གཡུ་ལུང་ཟངས་གཏེར་གྱི་རིག་ནུས་གཏེར་རི་སྣེ་འདྲེན་ཁེ་ལས་དུ་བྱེད་པ་དང་།དཔའ་ཤོད་དུང་དཀར་སོགས་ལྗང་མདོག་བཟོ་སྐྲུན་རྒྱུ་ཆ་འདེགས་སྐྱོར་བྱས་པ། ཧའེ་ཐུང་རྡོ་ཐལ་བྲག་རྡོ་སོགས་ལྗང་མདོག་གཏེར་རི་ཁ་གསབ་ཏུ་བྱེད་པ་བཅས་ཀྱིས“འབྱུང་ཁམས་སྔོན་འཇོག་དང་།ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ། རིག་ནུས་ཟད་གྲོན་ཆུང་བ། ཁེ་ལས་དང་ས་གནས་ཐུན་མོང་ཐོག་ཕྱུག་པོ་འགྱུར་བ”བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རིག་ནུས་མཚོན་རྟགས་ཏེ།ས་མཐོའི་མི་མེད་གཏེར་འཁོར་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཉེ་བའི་ལོ་ཤས་རིང་།ཆབ་མདོ་གྲོང་ཁྱེར་གྱིས་ནུབ་རྒྱུད་གཏེར་ལས་དང་།ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པ།ཧྭ་ཝེ་བཅས་དང་མཉམ་འབྲེལ་བྱས་ཏེ།རིག་ལྡན་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།མ་དངུལ་སྒོར་དུང་ཕྱུར་2.4ཙམ་བཏང་ནས་རིག་ལྡན་ཅན་གྱི་མ་ལག་བསྐྲུན་ཏེ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་5000སར།མི་མེད་གཏེར་འཁོར་རྣམ་གྲངས་ཏེ། མི་མེད་གཏེར་འཁོར་10གཉིས་སྒྲིག་ཚོགས་ཆུང་ཚང་མ་མི་མེད་ཅན་དུ་འཁོར་སྐྱོད་བྱས་ཏེ། འགག་རྩའི་ལྷུ་ཚིགས་དང་།དབོར་འདྲེན།འདོན་འཇུག་བཅས་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་ཁྱབ་པ་དང་།5Gདང་བྱང་སྐར་སྤུན་བདུན་།བཟོ་ལས་དྲ་སྦྲེལ།གྲངས་གཞི་ཆེ་མོ་བཅས་མ་ལག་མཉམ་འདྲེས་བྱེད་པ་དང་།སྒྲིག་ཆས་དྲ་ཐོག་ཏུ་ཞུགས་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། རིག་ནུས་ལྗིད་ཐེག་རླངས་འཁོར་བཀོད་གཏོང་དང་གནད་སྨིན་སྡེབ་གཏེར།རྒྱང་ཁྲིད་མི་མེད་གསོར་འབིགས་འཕྲུལ་འཁོར་བཏང་བ། རིག་ནུས་གས་གཏོར་ཚོད་ལྟ་བཅས་ལ་གཞོགས་འདེགས་བྱས་ཏེ།མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་འོག“མི་འགྲོ་སྐྱོད་མི་ཐུབ་པ་དང་།ཡུན་རིང་ལས་ཀ་བྱས་མི་ཐོབ་པ།ཉེན་ཁ་ཆེ་བ”བཅས་ཀྱི་དཀའ་གནད་དེ་“རིག་ནུས་ཅན་གྱིས་ཡུལ་དངོས་མི་ཉུང་བ་དང་།སྒྲིག་ཆས་ཉིན་གང་བོར་རྒྱུན་མི་ཆད་པར་འཁོར་སྐྱོད་བྱེད་པ”ཐོན་ནུས་ལེགས་ཆར་འགྱུར་བ་བཅས་བྱས་ཡོད། རྣམ་གྲངས་དེར་རང་སྐྱོང་ལྗོངས་ཀྱི“གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ”ཡི་བྱ་དགའ་རིམ་པ་དང་པོ་ཐོབ་པ་མ་ཟད། བོད་ཀྱི་རིག་ནུས་གཏེར་རིའི་4Aཡི་ཆུ་ཚད་ཀྱི་མཚོན་རྟགས་ཞིག་ཡིན་པའི་ངོས་ནས་5Aརིམ་པའི་གསར་གཏོད་ལ་མཐའ་མའི་གདོང་མཆོང་བྱེད་འགོ་ཚུགས་ཡོད།

གཡུ་ལུང་ཟངས་ལས་ཀྱིས་སྔོག་འདོན་དང་བསྐྱར་འདོན་ཚད་97.65%ཟིན་པ་དང་།གཏེར་ཁ་འདེམས་པའི་ཡོང་འབབ་80.58%ཟིན་པ།གཏེར་སྙིགས་ཕྱོགས་བསྡུས་བེད་སྤྱོད་ཚད་65.25%བཅས་ཟིན་པ་ཡོད།2018ལོ་ནས་བཟུང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.2ཙམ་བཏང་ནས་ནུས་སྲི་སྙིགས་འཕྲིའི་ལག་རྩལ་སྒྱུར་བཀོད་བྱས་པ་དང་།ལོ་རེར་རྡོ་སོལ་གྲོན་ཆུང་བྱེད་ཚད་ཏུན་3460ཟིན་པ་དང་།དབྱང་གཉིས་ཐཱན་འགྱུར་ཏུན་6026དང་། དབྱང་གཉིས་མུ་ཟི་ཏུན་3.4ཏན་དབྱང་འགྱུར་རྫས་ཏུན་9.4བཅས་ཉུང་དུ་བཏང་ཡོད་པ་རེད།

ལྗང་མདོག་དཔེ་སྟོན་ཏེ།རྡོ་ཐལ་བྲག་རྡོའི་གྲམ་ཐང་དེ“མེ་ཏོག་ལྡུམ་རའི་བཟོ་གྲྭར”གྱུར་པ།

དཔའ་ཤོད་དུང་དཀར་ནི་དུང་དཀར་ཚོགས་པས་བོད་དུ་རྣམ་གྲངས་འཇོག་པ་ཐེངས་དང་པོ་དེ་ཡིན་ཞིང་།སྤྱིའི་མ་དངུལ་སྒོར་དུང་ཕྱུར་13.8བཏང་ནས་ཉིན་རེར་སྐམ་ཐབས་རྣམ་པ་གསར་པ་ཏུན་3000དང་ཉིན་རེར་ཨར་འདམ་ཕྱེ་འཐག་མ་ལག་ཏུན་ཁྲི་110བསྐྲུན་པ།ཀྲའོ་ཝ་4.5ལྷག་ཚ་ནུས་ལྷག་མ་གློག་འདོན་དང་ཀྲའོ་ཝ་2.9ཡི་འོད་ཤུགས་ལེ་ལག་ཚང་བར་བྱས་པ། དུས་ཐེངས་གཉིས་པའི་ཀྲའོ་ཝ་5.91གི་འོད་ཤུགས་ལ་ཆོག་མཆན་ཐོབ་རྗེས། འོད་ཤུགས་དང་ཚ་ནུས་ལྷག་མའི་ལོའི་སྤྱིའི་གློག་འདོན་ཚད་ཏུའུ་ཁྲི་4680ལས་བརྒལ་བ་དང་།ལོ་རེར་ཚད་ལྡན་རྡོ་སོལ་ཏུན་5750གྲོན་ཆུང་ཐུབ་པ།ཐཱན་ཏུན་ཁྲི་4.66ཉུང་དུ་ཕྱིན་ཡོད་པ་རེད།

ཁེ་ལས་ཀྱིས་ས་བརྗེས་ནས་ལྗང་གསོ་དང་།རིམ་པ་ལྔ་པའི་ཆུ་འཐེན་ས་ཚིགས་བརྒྱུད་ཆུ་འདྲེན་པ།རིག་ནུས་བཞའ་ཚན་ཆེ་རུ་བཏང་བ་བཅས་བྱས་ཏེ།ས་བརྗེ་ལེགས་བཅོས་སྨི་ངོས་གྲུ་གཞི་མ་ཁྲི་3.7ལེགས་སྒྲུབ་བྱས་པ་དང་།ཡུན་ཧྲན་དང་ཞུའེ་སུང་སོགས་གྲང་ངར་ཐུབ་པའི་སྡོང་ཕྲུག་རྐང་ཁྲི་5བཏབ་པ།སྤང་སྨི་ངོས་གྲུ་གཞི་མ་2250བཏབ་པ། རྩྭ་སྣ་ཚོགས་སྨི་ངོས་གྲུ་གཞི་ཁྲི་13ལྷག་ཙམ་བཏབ་པ།གནའ་བ་སླར་སྤོས་དང་བཟོ་གྲྭའི་ཁུལ་གྱི་སྔོ་ལྗང་སླར་གསོ་རྒྱུན་རྣམ་ཅན་དུ་གྱུར་ཡོད།ལེ་ལག་ཚང་བའི་གཏེར་རི་གཉིས་སྔོག་འདོན་དང་བསྐྱར་འདོན་བྱེད་ཚད་99%ཟིན་པ་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཚད་100%ཟིན་ནས་ཁྲི་གོང་གི་ཐོན་རྩིས་རིན་ཐང་གི་ནུས་རྒྱུ་ཟད་གྲོན་ཅུང་2022ལོ་ལས་32.52%ཆག་ཡོད་པ་རེད།

ཁུལ་ཡོངས་གསར་གཏོད་སྟེ།ལྗང་གཏེར་འཛུགས་སྐྲུན་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་གནད་དོན་གཉིས་དམ་འཛིན་བྱས་པ་ཙམ་མ་ཡིན་པར་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་གཏེར་རིའི་སྲིད་ཇུས་གསར་པས་གཅིག་གྱུར་དོ་དམ་བྱེད་པའི་ས་ཁོངས་ཧྲིལ་པོ་ཡིན་པ་དང་།མིག་སྔར།གྲོང་ཁྱེར་ཡོངས་སུ་ལག་ཁྱེར་ཁྱེར་ནས་ཐོན་སྐྱེད་བྱེད་བཞིན་པའི་གཏེར་ཁ་ཆེ་འབྲིང་5ཡོད།4ལྗང་མདོག་གཏེར་རིའི་མིང་གཞུང་ནང་བཅུག་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་2དང་རང་སྐྱོང་ལྗོངས་རིམ་པའི་2དང་ལྗང་མདོག་གཏེར་རི་གཏོད་པའི་གྲངས་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།གྲོང་ཁྱེར་རིམ་པའི་གཏེར་རིའི་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་དུས་གཅིག་ཏུ་བསྐྲུན་པ།ཧྥུའུ་ཅན་གྱི་བོད་སྐྱོར་ཐོན་ཁུངས་ལ་GNSSརྒྱང་ཁྲིད་ལྟ་སྐུལ་དོ་དམ་བརྟེན་ནས།རི་ངོས་གཡོ་སྒྱུར།ཆུ་འབུད་པ།སྔོ་ལྗང་སླར་གསོ་བཅས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།

ཐོན་ཚད་ཐོག་ནས་བལྟས་ན།གྲོང་ཁྱེར་ཡོངས་ཀྱི་ཟངས་དང་།ཨར་འདམ།དབྱང་འགྱུར་མེ་བཅས་ཐོན་རྫས་གཙོ་བོ་རིགས་གསུམ་དེ་2025ལོར་སོ་སོར་ཏུན་ཁྲི་16དང་།ཏུན་ཁྲི་447ཏུན་ཁྲི་10.5བཅས་ཟིན་པ་དང་།རང་སྐྱོང་ལྗོངས་ཀྱི་2025ལོའི་ལྗང་མདོག་གཏེར་རིའི་བྱ་ཐབས་འགའ་ཞིག་ལ་གཞིགས་ནས་གསར་དུ་བསྐྲུན་པའི་གཏེར་རི་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཀྱི་ལོ་2ནང་ཚུན་དུ་ངེས་པར་དུ་ལྗང་མདོག་གསར་གཏོད་ཐུབ་པ་བྱ་རྒྱུ་དང་།2026ལོའི་ལོ་མཇུག་གི་བདེ་འཇགས་ཚད་གཞི་ཅན་དེ་རིམ་པ་གསུམ་དང་དེའི་ཡན་ཟིན་པ་བྱ་རྒྱུ།ལས་ཞུགས་ཞན་པ་དང་ཁེ་ལས་དང་ས་གནས་དབར་གྱི་འབྲེལ་བ་ཛ་དྲག་ཆེ་བའི་རྣམ་གྲངས་ལ་ཚོད་སྐོར་ནན་པོ་བྱ་རྒྱུ་བཅས་རེད།

ཕྲེང་འབྲེལ་ཕྱིར་སྐྱེད་སྟེ།གྲངས་གཞིའི་རྨང་གཞིས་བཟོ་ལས་གསར་རྣམ་ལ་ནུས་པ་སྦྱིན་པ།

2026ལོའི་ཟླ་དང་པོ་ནས་གཉིས་པའི་བར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་23.02ཟིན་པ་དེ་དུས་མཚུངས་ལས་40.5%འཕར་བའི་ནང་གཏེར་འདོན་ལས་རིགས་ཀྱིས་སྒོར་དུང་ཕྱུར་19.62ཟིན་པ་དེས་85.23%བཟུང་བ་དང་གཡུ་ལུང་ཟངས་ཐོན་ཚད་ཏུན་ཁྲི་2.82ཟིན་པ་དེ་དུས་མཚུངས་ལས་19.09%འཕར་བ་དང་།དུང་དཀར་དང་།ཧའེ་ཐུང་།མཐོ་རྩོད་ཨར་འདམ་ཁེ་ལས་བཅས་ཀྱི་ཐོན་ཚད་ཏུན་ཁྲི་34.23ཟིན་པ་དེ་དུས་མཚུངས་ལས་50.53%འཕར་ཡོད་པ་རེད།

ལོ་75ཡི་གོང་།ཆབ་མདོས་གཏེར་ཁ་འཚོལ་བར་མིག་ལ་བརྟེན་དགོས་པ་དང་གཏེར་ཁ་དབོར་འདྲེན་ནི་ཕྱུགས་ལ་བརྟེན་དགོས། ལོ་75ཡི་རྗེས་གཡུ་ལུང་གི་མི་མེད་གཏེར་འཁོར་5G་ཡིས་གནས་ཐིག་གཏན་འཁེལ་བྱས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000བརྒལ་བ་དང་།དཔའ་ཤོད་དུང་དཀར་གྱིས་རྡོ་ཐལ་བྲག་རྡོ་དེ་བུལ་ཏོག་དམའ་བའི་ཨར་འདམ་དུ་བསྒྱུར་ནས། བེད་མེད་དེ་མེད་ཡོད་ལ་འགྱུར་ཡོད། ལྗང་མདོག་གཏེར་ལས་ཀྱིས“ཉུང་ཙམ་སྔོག་རྒྱུ”མིན་པར་རིག་ནུས་ལ་བརྟེན་ནས་བསྐྱར་འདོན་བྱེད་ཚད་དང་།ཚུར་བསྡུའི་བྱེད་ཚད།སྔོ་ལྗང་སླར་གསོ་བྱེད་ཚད་བཅས་དུས་མཚུངས་སུ་མཐོ་རུ་བཏང་བ་དང་།འཛུགས་སྐྲུན་རྒྱུ་ཆར་བརྟེན་ནས་སྙིགས་རོ་དང་།གད་སྙིགས།འོད་ཤུགས་བཅས་དུས་གཅིག་ཏུ་འཛུགས་སྐྲུན་ནང་སྤྱོད་བྱེད་པ།“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་ཆབ་མདོས་རིག་ནུས་ལྗང་མདོག་གཏེར་ཁར་བརྟེན་ནས་ཟངས་གཞིའི་རྒྱུ་ཆ་གསར་པ་དང་།ས་མཐོའི་དམིགས་བསལ་ཨར་འདམ།བེད་མེད་ཟོག་རོ་རེས་འཁོར་བེད་སྤྱོད་བཅས་ཁག་གསུམ་ལ་འདེགས་སྐྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་ཐོན་ཁུངས་བདེ་འཇགས་ཡོང་བར་མཐའ་སྐྱོང་བྱེད་པ་དང་བོད་ཤར་རྒྱུད་ཀྱི་མང་ཚོགས་ལ་ལས་ཞུགས་ཐུབ་པ་དང་རི་བོ་སྔོན་པོ་གནས་ཐུབ་པ་ཡང་བྱས་ཡོད།