国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月30日

ཤེས་དཔལ་སྒྲོག་འགྲེལ་གྲོང་གསེབ་ལ་ཁྱབ། གྲོགས་པོ་སྒྲིག་པས་དམངས་སེམས་སྐྱིད།

——ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་དོན་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས27ཉིན་གྱི་ཕྱི་དྲོར། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ལས་གནས་ཐོག་ཡོད་པའི་ཏང་ཡོན་ལས་བྱེད་པ་ཚང་མ་སྒྲིག་འཛུགས་བྱས་ནས། རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི་འབྲེལ་གཏུག་ས་ཚིགས་ཏེ། ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ཆུ་གཉིས་གྲོང་ཚོར་བསྐྱོད་དེ་གཙོ་དོན་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ།དྲིལ་བསྒྲགས་པུའི་པུའུ་ཀྲང་ཝུའུ་ཅན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོའི་ནང་ཞུགས་པ་དང་།བྱེད་སྒོའི་ཡུལ་དངོས་སུ་སྒྲོག་འགྲེལ་པས་གྲོང་མི་ཚོར་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ།གོ་བདེ་ཤེས་སླའི་ཡུལ་སྐད་ཐོག་ནས། ཏང་གི་རིགས་གཞུང་དང་སྲིད་ཇུས་གསར་ཤོས། ཉེ་དུས་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བཅས་གསལ་འགྲེལ་བྱས་པ་མ་ཟད།རིགས་གཞུང་གི་རྨང་གཞིའི་ཤེས་བྱ་དང་དྲིས་ལན་འདེབས་སྟངས་བརྒྱུད་མང་ཚོགས་ཚོས་གོ་བ་ལེན་པ་དང་། བློ་ལ་བརྟན་པོར་ངེས་པ། གོ་བ་གཏིང་ཟབ་ལོན་པ་བཅས་བྱས་ཏེ། ཏང་གི་སྐད་ཆ་བཟང་པོ་མང་ཚོགས་ཀྱི་བློ་ལ་བརྟན་པོར་ངེས་ཐུབ་པ་བྱས་པ་རེད། ཁ་རུབ་ཆུས་འགུ་རོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་བྱེད་པ།ཐང་ལིན་ལིན་གྱིས་ད་ཐེངས་སྒྲོག་འགྲེལ་གྱི་ནང་དོན་ཆ་ཚང་བ་དང་།གཙོ་གནད་མངོན་གསལ་དོད་པ།གོ་བདེ་ཤེས་སླ་བཅས་ཡོད་པས་ང་ཚོའི་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བློ་སྒོ་ཆེན་པོ་ཕྱེ་བ་དང་། སྐུལ་ལྕག་ཆེན་པོ་ཐེབས་བྱུང་།གོམ་སྟབས་རྗེས་མར།ང་ཚོས་གོ་སྐབས་འདི་དང་བསྟུན་ནས“ལྔ་གཏོད་ཆབ་མདོའི”འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་གཞི་རིམ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

བྱེད་སྒོ་སྤེལ་རིང་།གྲོང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མིར་རྒྱུན་གཏན་གྱི་འཚོ་བའི་ཡོ་བྱད་སྤྲད་པ་དང་། རྩ་འཛུགས་ཀྱིས་ཐུགས་ཁུར་གནང་བའི་དྲོ་སྐྱིད་སྟེར་བ་དང་།དུས་མཚུངས་སུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། དང་བླངས་ཞབས་ཞུ་དུས་གཅིག་ཏུ་སྤེལ་ནས། གྲོང་ཚོའི་ནང་གི་སྤྱི་པའི་ས་ཁོངས་ཀྱི་ཁོར་ཡུག་གཙང་འཕྱག་བཅོས་སྒྲིག་བྱས་ཤིང་།མང་ཚོགས་ལ་ཡ་རབས་ལྡན་པའི་གཙང་སྦྲ་གོམས་གཤིས་འཇགས་རྒྱུར་ཁྲིད་སྟོན་བྱས་ཏེ།ཡ་རབས་དང་ཡུལ་སྲོལ་བཟང་པོ་སྐྱེད་སྲིང་བྱས་ཡོད་པ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ།བསོད་ནམས་ལྷ་མོས་གོམས་སྟབས་རྗེས་མར། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ།གཞི་རིམ་གྱི་སྒྲོག་འགྲེལ་བྱ་ཡུལ་ལ་གཞི་ཚུགས་ནས་སྒྲོག་འགྲེལ་བྱེད་སྟངས་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ།མང་ཚོགས་ལ་འབྲེལ་གཏུག་ཐུབ་པའི་སྐད་ཆའི་ཐོག་ནས་སྲིད་ཇུས་དང་རིགས་གཞུང་སོགས་སྒྲོག་འགྲེལ་དང་བསམ་བློ་བརྒྱུད་བསྒྲགས་བཅས་བྱས་ཏེ།ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་མང་ཚོགས་ཀྱི་སེམས་གཏིང་དུ་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བཤད།